དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་རྩེད་སྤོ་ལོ”ཞེས་པའི་རིམ་འདས་རིམ་མཚུངས་མཉམ་འགྲན་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-22

    “རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་རྩེད་སྤོ་ལོ”ཞེས་པའི་རིམ་འདས་རིམ་མཚུངས་མཉམ་འགྲན་ཐོག་ཟི་ལིང་ཞ་ཏུའུ་རུ་ཁག་དང་མགོ་ལོག་གེ་སར་རུ་ཁག་བསྡུར་གྲངས་1:1ཐོག་ནས་མཉམ་པ་རེད། འདི་ནི་དེ་ཉིན་མགོ་ལོག་གེ་སར་རུ་ཁག་གི་སྤོ་ལོ་བ་དབང་ལོས་འགྲན་བསྡུར་སྐབས་སྤོ་ལོ་བླུག་བཞིན་པ། འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་2024ལོའི“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་རྩེད་སྤོ་ལོ”ཞེས་པའི་རིམ་འདས་རིམ་མཚུངས་མཉམ་འགྲན་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་པ་རེད། རིམ་མཚུངས་མཉམ་འགྲན་གྱི་དམིགས་ཡུལ་ནི“སྤུས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར+ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང+ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན+ཁྱད་ལྡན་རིག་རྩལ་ལེ་ཚན་འགྲེམས་སྟོན+དྲ་ཐོག་དང་དྲ་ཕྱིའི་དྲིལ་བསྒྲགས་ཁྱབ་གདལ”བཅས་ཀྱི་རྣམ་པ་བརྒྱུད། མཚོ་སྔོན་ས་མཐོའི་ཐུན་མོང་མ་ཡིན་པའི་རང་བྱུང་ཡུལ་ལྗོངས་དང་། ཡུལ་སྲོལ་གོམས་གཤིས། ཁྱད་ལྡན་ཐོན་རྫས་བཅས་འགྲེམས་སྟོན་བྱས་ཏེ། རྐང་རྩེད་སྤོ་ལོར་བརྟེན་ནས་ཐོན་ལས་ཆེན་པོར་སྐུལ་ཁྲིད་བྱ་ཆེད་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རིམ་མཚུངས་མཉམ་འགྲན་དེ་ཟླ་10པའི་ཟླ་སྟོད་དུ་མཇུག་འགྲིལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།