དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བཞི་པའི་བར་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུས་མཚུངས་ལས་24.5%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-21

    གསར་འགོད་པས་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་སྦྲག་ཐོག་བསྐུར་མའི་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར་569.5ཟིན་པ་དེ་དུས་མཚུངས་ལས་21.7%འཕར་ཡོད། དེའི་ནང་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར་508.1ཟིན་པ་དེ་དུས་མཚུངས་ལས་24.5%འཕར་ཡོད། ལས་རིགས་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་འཕར་བ་དང་འཁོར་སྐྱོད་གནས་ཚུལ་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཡོད།

    ཟླ་བ་དང་པོ་ནས་བཞི་པའི་བར་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་5265.1ཟིན་པ་དེ་དུས་མཚུངས་ལས་11.3%འཕར་ཡོད། དེའི་ནང་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་4211.3ཟིན་པ་དེ་དུས་མཚུངས་ལས་16.9%འཕར་ཡོད། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། “སྐར་མ་བཅོ་ལྔ་ཡི་ནང་ཚུན་དུ་སྒོ་རྩར་འབྱོར་བ”སོགས་མཐའ་སྣེའི་ཞབས་ཞུ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། “ཁང་པའི་ཕྱིར་མི་མེད་འཁོར་ལོ+ཁང་པའི་ནང་འཕྲུལ་མི”སོགས་རིག་ནུས་ཞབས་ཞུ་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། “ཐོན་ཡུལ་མཛོད་+འཚོང་སའི་མཛོད”སོགས་ཁྱད་ལྡན་ཞབས་ཞུའི་སྤུས་ཚད་ལེགས་སུ་དང་རིམ་པ་མཐོ་རུ་བཏང་ཡོད། ཟླ་བཞི་པར་མྱུར་སྐྱེལ་ཞབས་ཞུའི་སྤུས་ཚད་སྟོན་གྲངས་648.8ཟིན་པ་དེ་དུས་མཚུངས་ལས་15.5%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།