དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གསེར་སྐྱེམས་ཇ་ལོའི་དགའ་སྟོན། སྙན་ཚིག་སྒེག་མོའི་འདུ་འཛོམས”ཞེས་པའི་བྱེད་སྒོ་སིང་ཀ་ཕོར་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-21

    སིང་ཀ་ཕོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀྲུང་གོ་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་དང་། སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། སིང་ཀ་ཕོར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས། སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་ཡུལ་སྐོར་དོན་གཅོད་ཁང་བཅས་ཀྱིས་མཉམ་དུ་གཉེར་བའི“གསེར་སྐྱེམས་ཇ་ལོའི་དགའ་སྟོན། སྙན་ཚིག་སྒེག་མོའི་འདུ་འཛོམས”ཞེས་པའི་བྱེད་སྒོ་སིང་ཀ་ཕོར་དུ་གཉེར་བར་ལས་རིགས་ཁག་གི་མི་སྣ་300ལྷག་ཙམ་ཞུགས་ཡོད་པ་རེད།

    ཐེངས་འདིའི་བྱེད་སྒོར། ཀྲུང་སིང་རྒྱལ་ཁབ་གཉིས་ཀྱི་གྲོགས་པོ་ཆུང་ཆུང་ཚོས་ཇའི་བརྗོད་དོན་གཙོ་བོའི་གནའ་བོའི་སྙན་ངག་མང་པོ་ཞིག་གྱེར་འདོན་དང་། ཇའི་རིག་གནས་ཀྱི་རིགས་གཅིག་མཁས་ཅན་ཝང་ཅན་རུང་གིས་གཙོ་དོན་འཆད་ཁྲིད་བྱས་པ་མ་ཟད། ད་དུང་ཇའི་སྒྱུ་རྩལ་གྱི་གནའ་བོའི་སྒྲ་སྙན་དཀྲོལ་གཏོང་དང་ཇ་ཡི་བྲོ་བ་མྱོང་རོལ་བྱེད་པའི་བྱེད་སྒོ་ཡང་བཀོད་སྒྲིག་བྱས་པར་ས་གནས་དེ་གའི་དམངས་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།