དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྒན་རྒོན་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-21

    འདི་ནི་2024ལོའི་ཟླ་3ཚེས་24ཉིན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འབར་ཁམས་གྲོང་ཁྱེར་རྒན་གསོ་ཁང་དུ་དགའ་སྐྱིད་དབང་མོས་རྒན་རྒོན་ཚོ་དང་གླེང་མོལ་བྱེད་བཞིན་པ།

    འདི་ནི་2024ལོའི་ཟླ་3ཚེས་24ཉིན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འབར་ཁམས་གྲོང་ཁྱེར་རྒན་གསོ་ཁང་དུ་དགའ་སྐྱིད་དབང་མོས་རྒན་རྒོན་ལ་འཚེམ་དྲུབ་རྒྱག་སྟངས་སློབ་བཞིན་པ།

    ལོ་བཅོ་ལྔའི་རིང་ཁོང་གིས་རྒན་རྒོན་བརྒྱ་ལྷག་ཙམ་རང་ཉིད་ཀྱི་གཉེན་ཉེར་བརྩིས་ཏེ་ལྟ་རྟོག་ཞིབ་ཚགས་བྱས། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འབར་ཁམས་གྲོང་ཁྱེར་རྒན་གསོ་ཁང་གི་ཡོན་ཀྲང་དགའ་སྐྱིད་དབང་མོའི་གྲོགས་ཚོགས་ལ་ལྟ་སྐབས་པར་མང་ཆེ་བ་འཛུམ་མདངས་འཕྱུར་བའི་རྒན་རྒོན་གྱི་པར་ཡིན་པ་རེད།

    དགའ་སྐྱིད་དབང་མོ་ནི་འབར་ཁམས་གྲོང་ཁྱེར་རྒན་གསོ་ཁང་གི་ཡོན་ཀྲང་ཡིན་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡང་རེད། གཞི་རིམ་ནས་ཡིན་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དགའ་སྐྱིད་དབང་མོས་མི་དེ་བས་མང་བས་ཐག་རིང་ལུང་ཁུག་གི་མི་རིགས་ས་ཁུལ་དང་གྲོང་གསེབ་ཀྱི་རྒན་གསོའི་གནད་དོན་ལ་དོ་ཁུར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། “ཆེས་མཛེས་པའི་ལང་ཚོ་རྒན་གསོའི་ཞབས་ཞུའི་ཐད་འབུལ་འདོད་ཡོད”ཅེས་དགའ་སྐྱིད་དབང་མོས་བཤད། ད་ལོ་ཁོང་གིས་རྒན་རྒོན་ཚོ་ཡུལ་སྐོར་དུ་ཁྲིད་དེ་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་བར་འགྲོ་རྩིས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།