དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་82.15བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-21

    ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། 2024ལོར་རང་ལྗོངས་ཀྱིས་དཔྱིད་རྨོད་དཔྱིད་འདེབས་གོ་རིམ་ལྡན་པའི་ངང་སྤེལ་ནས་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་བརྟེན་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ཐད་འགོ་ཡག་པོ་འཛུགས་པ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད།

    དཔྱིད་རྨོད་དཔྱིད་འདེབས་ཐད་ལྗོངས་ཡོངས་ཀྱིས་དཔྱིད་རྨོད་རྒྱ་ཁྱོན་མུའུ་ཁྲི་345.37བྱ་རྒྱུ་དང་ཟླ་5ཚེས་5ཉིན་བར་དཔྱིད་རྨོད་རྒྱ་ཁྱོན་མུའུ་ཁྲི་126.14ཟིན་ནས་སྤྱིའི་དཔྱིད་འདེབས་རྒྱ་ཁྱོན་གྱི་36.3%བཟུང་ཡོད། དགུན་འདེབས་ལོ་ཏོག་མུའུ་ཁྲི་43.33སྐྱེ་འཚར་ཡག་པོ་བྱུང་ཡོད། སྔོ་ཚལ་སྒྲིག་བཀོད་གསར་སྐྲུན་དང་སྔོ་ཚལ་སྒྲིག་བཀོད་དྲོད་ཁང་ཆེ་མོ་སྒྱུར་བཀོད་རིམ་སྤོར་གྱི་རྣམ་གྲངས་ལག་བསྟར་བྱས་པ་མ་ཟད། བེད་མེད་དུ་ལུས་པའི་དྲོད་ཁང་ཆེ་མོ་སླར་ཡང་སྤྱད་དེ་ཟླ་4པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་སྔོ་ཚལ་མུའུ་ཁྲི་9.02བཏབ་ནས་སྔོ་ཚལ་ཐོན་ཚད་ཏུན་ཁྲི་9.49ཟིན་ཡོད། ཟླ་4པའི་ཟླ་མཇུག་བར་སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་གསར་སྐྱེས་ཕྱུགས་རིགས་མགོ་གྲངས་ཁྲི333.08ཟིན་པ་དང་ཕྱུགས་ཕྲུག་གསོན་ཚད་94.15%ཟིན་ཡོད། ཕག་དང་ནོར་ལུག་མགོ་གྲངས་ཁྲི་38.21བཤས་བཏང་བ་དང་ཤ་སྒོང་དཀར་ཆུའི་ཐོན་འབབ་ཏུན་ཁྲི་10.82ཟིན་ནས་དུས་མཚུངས་ལས་7.88%འཕར་ཡོད།

    ཁྱད་ལྡན་ཐོན་ལས་ཐད། རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་གི་བྱ་སྤྱོད་ལག་བསྟར་བྱས་པ་མ་ཟད། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་གི་བྱ་དགའི་སྲིད་ཇུས་ཁག་གཅིག་བཟོས་པས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་མངོན་གསལ་དོད་པོར་གྱུར་ཅིང་། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་15.5ཟིན་ནས་དུས་མཚུངས་ལས་11%འཕར་བ་མ་ཟད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས་182ཟིན་ཡོད།

    ཞིང་འབྲོག་ལས་ཀྱི་རྣམ་གྲངས་ཐད། ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཞིང་འབྲོག་ལས་ཀྱི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་92.99བཏང་ཞིང་། ཟླ་4པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་82.15བཏང་བ་དང་མ་དངུལ་གཏོང་ཚད་88.34%ཟིན་པ་དང་ལས་འགོ་བཙུགས་ཟིན་པའི་རྣམ་གྲངས་1332ཟིན་ནས་ལས་འགོ་འཛུགས་ཚད་81.02%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།