དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགག་རྩར་དམིགས་ཏེ་མདུན་སྐྱོད་བྱེད་པར་འབད།

    ​གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བར་ཕན་འབྲས་གསར་པ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-21

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་བརྒྱུད་སྐབས་གྲལ་སྟར་འགྲིག་པའི་བོད་བཟོའི་སྡོད་ཁང་གི་ངོས་སུ་བོད་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་ཤེས་དཔལ་སྲོལ་བཟང་དར་སྤེལ་གཏོང་བའི་ལག་བྲིས་རི་མོ་རེ་རེ་ལས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། བསམ་གྲུབ་རྩེ་ཆུས་ཀྱི་གྲོང་གསེབ་དར་རྒྱས་གོང་འཕེལ་གྱི་ཕན་འབྲས་ཀྱང་མངོན་ཡོད།

    མི་རིགས་བསྐྱར་དར་ཡོང་དགོས་ན་ངེས་པར་དུ་གྲོང་གསེབ་དར་རྒྱས་གཏོང་དགོས། ཉེ་བའི་ལོ་ཤས་རིང་བསམ་གྲུབ་རྩེ་ཆུས་ཀྱིས“ཕོད་པ་བཞིའི”སྙིང་སྟོབས་དར་སྤེལ་བཏང་ནས་སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། སྦྲེལ་མཐུད་སྲ་བརྟན་དུ་གཏོང་བ། སྤུས་ཚད་ལེགས་སུ་གཏོང་བ། ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ལ་དམིགས་ཏེ་དངོས་འཛིན་དངོས་སྒྲུབ་དང་བྱས་རྗེས་ཧུར་ཐག་བཞག་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ཡར་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།

    བསམ་གྲུབ་རྩེ་ཆུས་ཀྱིས་རྨང་གཞི་བརྟན་དུ་གཏོང་བ་དང་། དཔུང་ཁག་འཛུགས་སྐྲུན། བཅོས་སྐྱོང་གི་ཕན་ནུས་བཅས་ཐད་འབད་བརྩོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་ལེགས་ཆར་རྒྱུན་ཆད་མེད་པར་འགྱུར་བར་བྱས་པ་སྟེ། འགྲན་བསྡུར་ཧུར་ཐག་བྱས་ཤིང་། “རྩ་འཛུགས་བསྡུར་ནས་བརྟན་པོ་ཡོད་མེད་བལྟ་བ་དང་། བརྟན་ལྷིང་བསྡུར་ནས་བཅོས་སྐྱོང་ལ་བལྟ་བ། དཔལ་འབྱོར་བསྡུར་ནས་འཕེལ་རྒྱས་ལ་བལྟ་བ། ཤེས་ལྡན་པ་བསྡུར་ནས་གཏིང་ཤུགས་ལ་བལྟ་བ། ཤེས་དཔལ་བསྡུར་ནས་གྲོང་གསེབ་ཀྱི་རྣམ་པར་བལྟ་བ”བཅས་ལ་དམིགས་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་སྒྲིག་འཛུགས་བྱས་ཏེ་གྲུབ་འབྲས་འགྲེམས་སྟོན་དང་ཉམས་མྱོང་གླེང་ནས་གྲུབ་ཆ་སྔར་བས་ལེགས་པ་དང་། འཇོན་ཐང་སྔར་བས་ཆེ་བ། སྤྱོད་ཚུལ་སྔར་བས་ཏན་ཏིག་བཅས་ཀྱི་གྲོང་ཚོ་རིམ་པའི་སྣེ་ཁྲིད་དཔུང་ཁག་ཅིག་ཧུར་ཐག་བཏོད་ཡོད།

    ཤེས་ལྡན་པ་གསོ་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ཤིང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་ལེགས་སྒྲིག་དང་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་བྱས་ཏེ་གཞི་རིམ་ལས་བྱེད་པ་འབྲིང་རིམ་ཆེད་ལས་ཀྱི་སློབ་རྒྱུས་མཐོར་གཏོང་འཛིན་གྲྭར་མངགས་པའམ་ཡང་ན་ཆིང་ཏའོ་དང་། ཙུན་དབྱི། ཡན་ཨན། ཧུའུ་ཀྲོའུ་སོགས་སུ་སློབ་སྦྱོང་སྤེལ་རེས་ལ་བཏང་སྟེ་མཐོང་རྒྱ་ཆེ་རུ་བཏང་ནས་ལས་སྒྲུབ་བྱ་གཞག་གསར་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད།

    བསམ་གྲུབ་རྩེ་ཆུས་ཀྱིས་ཐོན་ཁུངས་ཀྱི་ཁྱད་ཆོས་དང་། ས་ཁོངས་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་བཅས་ལ་གཞི་ཚུགས་ནས“རྫོང་ལ་ཀ་རྟེན་ཐོན་ལས་ཡོད་པ་དང་། ཤང་ལ་གཙོ་ཁྲིད་ཐོན་ལས་ཡོད་པ། གྲོང་ཚོར་ཕྱུག་འགྱུར་རྣམ་གྲངས་ཡོད་པ། དུད་ཚང་ལ་འབབ་འཕར་ཐབས་ལམ་ཡོད་པ”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། ནས་དང་། འབྲི་གཡག བོད་ལུག་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་། མ་རྩ་སྒོར་དུང་ཕྱུར་3.5བཏང་བའི་50MWའོད་ཤུགས་མཁོ་འདོན་འགན་ལེན་རྣམ་གྲངས་ནང་འདྲེན་བྱས་པ། རྒྱལ་ཁབ་ཀྱིས་མ་དངུལ་བཏང་བའི་ཐོན་ལས་རྣམ་གྲངས་32ཚང་མ་དང་ཁེ་ཕན་འབྲེལ་མཐུད་ཀྱི་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་པས་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།

    དུས་མཚུངས་སུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་གྲོང་གསེབ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་མི་ཕྱུགས་ལོགས་དབྱེ་དང་གསང་སྤྱོད་སྒྱུར་བཀོད་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། རྒྱུན་རྣམ་ཅན་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་ཏེ་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཁྱིམ་གཞིས་མཉམ་དུ་བསྐྲུན་ཡོད། ལྷག་པར་དུ་ཆུ་མིག་ཤང་བསམ་གྲུབ་ཕུ་གྲོང་ཚོར་ཉམས་མྱོང་རྒན་པོའི་ལས་འཛིན་ལྷན་ཚོགས་བཙུགས་པ་དང་། “ཀུན་སྤྱོད་དངུལ་ཁང”ཁྱབ་གདལ་བཏང་བ། སྐར་གསོག་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བཅས་བྱས་ཏེ་ཞིང་འབྲོག་པའི་གཟུགས་བརྙན་གསར་པའི་དཔེ་མཚོན་ཧུར་ཐག་བཏོད་དེ་ས་གནས་དེ་གའི་གྲོང་ཚོ(གྲོང་ལྷན)གཞན་ལ་མཛེས་སྡུག་དང་སྡོད་མལ་ལ་འཚམ་པའི་ཁྱིམ་གཞིས་བསྐྲུན་པར་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།