དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆའི་གྲངས་0.25དམའ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-21

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས《སྒེར་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་དམའ་རུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་གི་བརྡ་ཐོ》དོན་འཁྱོལ་ནན་པོ་བྱས་ཏེ། བོད་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་སུ་བརྡ་ཐོ་བཏང་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་དང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོའི་དོ་དམ་མ་ལག་ལ་སྐྱེད་ཚད་སྙོམས་སྒྲིག་ཚོད་ལྟ་བྱས་ཤིང་། ད་ལྟ་སྐྱེད་ཚད་གསར་ཤོས་ལྟར་སྙོམས་སྒྲིག་ཚོད་ལྟ་བྱས་ཟིན། དེ་རིང་ནས་བཟུང་རྒྱ་ཆེའི་དངུལ་བཅོལ་གསོག་བྱེད་མཁན་གྱིས་དམངས་ཕན་གྱི་སྲིད་ཇུས་དེ་ལོངས་སུ་སྤྱོད་ཆོག་གི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆའི་གྲངས་0.25དམའ་རུ་གཏོང་རྒྱུ་ཡིན་ཞིང་། ལེགས་སྒྲིག་བྱས་རྗེས་ལོ་5མན་གྱི(ལོ་5ཚུད་པ)སྡོད་ཁང་དང་པོའི་སྒེར་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་1.36%ལ་ལེགས་སྒྲིག་བྱ་རྒྱུ་དང་། ལོ་5ཡན་གྱི་སྐྱེད་ཚད་1.68%ལ་ལེགས་སྒྲིག་བྱ་རྒྱུ། ལོ་5མན་གྱི(ལོ་5ཚུད་པ)སྡོད་ཁང་གཉིས་པའི་སྒེར་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་1.686%ལས་མི་ཉུང་བ་དང་ལོ་5ཡན་གྱི་སྐྱེད་ཚད་2.038%ལས་མི་ཉུང་བ་བྱ་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དངུལ་བུན་སྐྱེད་ཚད་ལེགས་སྒྲིག་ཁྱབ་ཁོངས་སུ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒེར་ཁང་དངུལ་བུན་གསར་པ་ཚུད་ཡོད་ལ་གསོག་འབོར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒེར་ཁང་དངུལ་བུན་ཡང་ཚུད་ཡོད། 2024ལོའི་ཟླ་5ཚེས་18ཉིན་གྱི་གོང་དུ་བཏང་བའི་སྒེར་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དེ་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་སྐྱེད་ཚད་གསར་པ་ལག་ལེན་བསྟར་རྒྱུ་དང་། 2024ལོའི་ཟླ་5ཚེས་18ཉིན(ཚུད་པ)རྗེས་སུ་གསར་དུ་བཏང་བའི་སྒེར་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དེ་ལེགས་སྒྲིག་བྱས་རྗེས་ཀྱི་སྐྱེད་ཚད་གསར་པ་ལྟར་ལག་ལེན་བསྟར་རྒྱུ་རེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ས་གནས་ཁག་དང་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་གཏན་འབེབས་གཞིར་བཟུང་། སྲིད་ཇུས་འབྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་པར་མཛུབ་ཁྲིད་བྱས་ཏེ། ལས་བྱེད་པ་དང་ལས་བཟོ་བས་སྲིད་ཇུས་ཀྱི་གཟིགས་སྐྱོང་འཕྲལ་མར་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།