དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2024ལོའི“བོད་གློག་ཕྱིར་གཏོང”ལས་དོན་འགོ་ཚུགས་པ།

    སྔོན་དཔག་བྱས་ན་འདི་ལོ་ཕྱིར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་20ཟིན་པར་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་སྒོར་དུང་ཕྱུར་6ཙམ་གཏོད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-21

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། 2024ལོ་འཁོར་གྱི་བོད་གློག་ཕྱིར་གཏོང་ལས་དོན་ཚེས་17ཉིན་དངོས་སུ་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་འདི་ལོ་ཕྱིར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་20ཙམ་ཟིན་པར་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་སྒོར་དུང་ཕྱུར་6ཙམ་གཏོད་རྒྱུ་ཡིན་པ་དེས་རང་རྒྱལ་གྱི་དབུས་རྒྱུད་དང་ཤར་རྒྱུད་ས་ཁུལ་གྱིས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་160དང་དབྱང་གཉིས་ཟེ་འགྱུར་འབུད་ཚད་ཏུན་ཁྲི་5ཉུང་དུ་གཏོང་ཐུབ་རྒྱུ་རེད།

    ཚེས་17ཉིན་གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོ་བོད་གློག་ཕྱིར་གཏོང་བྱ་ཡུལ་པེ་ཅིང་དང་། ཧྲང་ཧའེ། ཧུའུ་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར་16ལ་ཁྱབ་ཡོད་པ་རེད། 2015ལོར་བོད་གློག་ཕྱིར་ཐོག་མར་བཏང་བ་ནས་2023ལོའི་ལོ་མཇུག་བར། རིམ་རྩིས་བྱས་ན་བོད་ཀྱིས་ཆུ་གློག་སོགས་ནུས་རྒྱུ་གཙང་མའི་གློག་ཕྱིར་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་139.99དང་། ཞིང་ཆེན་དབར་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་269.69ཟིན་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་2064ཟིན་ཏེ་དཔལ་འབྱོར་གྱི་ཕན་འབྲས་སྒོར་དུང་ཕྱུར་37ལྷག་ཙམ་ཐོན་ནས་དབུས་རྒྱུད་དང་ཤར་རྒྱུད་ས་ཁུལ་གྱི་ནུས་རྒྱུ་གཙང་མའི་ཐཱན་ཉུང་ཕྱོགས་སྒྱུར་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

    བོད་ལྗོངས་གློག་དྲ་བདེ་འཇགས་འཁོར་སྐྱོད་དང་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་གློག་སྤྱོད་དགོས་མཁོར་བསམ་གཞིག་གང་ལེགས་བྱས་པའི་རྨང་གཞིའི་ཐོག རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གློག་དྲ་ཁག་གཅིག་སྐྲུན་པ་དང་། གནམ་གཤིས་སོགས་ཀྱི་ཚོད་འཛིན་ཕོག་པ་ཁྱད་གསད་ཧུར་ཐག་གིས་ཚན་རིག་དང་མཐུན་པའི་གློག་དྲའི་སྒྲིག་བཀོད་གསར་པ་བེད་སྤྱོད་དང་ཉམས་བཟོའི་འཆར་གཞི་འགོད་པ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་ཤིང་། གློག་གཏོང་གློག་སྤྱོད་ཀྱི་ཐོན་ཁུངས་ལ་སྤྱི་འདོམས་དང་། ཚོད་འཛིན་ལག་རྩལ་གསར་པ་བེད་སྤྱོད། གློག་ཉོ་ཚོང་རྣམ་གྲངས་སྡེབ་སྒྲིག་ལེགས་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད་འདི་ལོའི་འབྲུབ་ཆུ་རྒྱས་སྐབས་བོད་ཀྱི་གློག་ཤུགས་ལྷག་མ་དུས་ཐོག་ཏུ་ཕྱིར་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།