དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་རོགས་སྐྱོར་ཉིན་མོ་ཐེངས་སོ་བཞི་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-21

    ཟླ་5ཚེས་19ཉིན་ནི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་རོགས་རམ་ཉིན་མོ་ཐེངས་སོ་བཞི་པ་ཡིན་པ་དང་ད་ཐེངས་ཀྱི་དབང་པོ་སྐྱོན་ཅན་གྱི་རོགས་རམ་ཉིན་མོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ཚན་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱེད”ཅེས་པ་དེ་རེད། དེ་ཉིན་སྔ་དྲོར། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་རོགས་སྐྱོར་ཉིན་མོ་ཐེངས་སོ་བཞི་པའི་ལྷ་ས་གྲོང་ཁྱེར་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་དང‘ཉི་འོད་འོག་གི་བྱམས་སྐྱོང’ཞེས་པའི་རིག་རྩལ་འཁྲབ་སྟོན”གཉེར་ཞིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བྱེད་སྒོར་ཞུགས་ཡོད་པ་རེད།

    བྱེད་སྒོ་སྤེལ་སར། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་སློབ་མ་དང་གཞི་རིམ་གྱི་དབང་པོ་སྐྱོན་ཅན་གྱི་རིག་རྩལ་རྐང་འཛིན་པས་རིག་རྩལ་འཁྲབ་སྟོན་བྱས་པ་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་མིའི་ཚན་པ་དང་དབང་པོ་སྐྱོན་ཅན་ལ་དགའ་གཅེས་དང་རོགས་རམ་བྱེད་མཁན་ཁེ་ལས་ཁག་གཅིག་གིས་དབང་པོ་སྐྱོན་ཅན་བྱིས་པར་བདེ་ཐང་སླར་གསོའི་འོས་འགན་སྨན་བཅོས་དང་། དབང་པོ་སྐྱོན་ཅན་གྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བློ་འདྲི། དབང་པོ་སྐྱོན་ཅན་གྱི་ཁེ་ལས་ཀྱི་ཐོན་རྫས་འགྲེམས་སྟོན་འགྲེམས་ཚོང་། དབང་པོ་སྐྱོན་ཅན་གྱི་ལག་ཤེས་ཐོན་རྫས་འཚོང་བ། རམ་འདེགས་ཡོ་བྱད་མཁོ་འདོན། དབང་པོ་སྐྱོན་ཅན་ལ་ལས་ཞུགས་ཞབས་ཞུ་ཐོ་འགོད་དང་འོས་སྦྱོར་ངོ་སྤྲོད། ལོང་བའི་འཕུར་མཉེད་ཉམས་ལེན་སོགས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།