བོད་ལྗོངས་གཡག་རྟེན་མཛོད་གླིང་བཙུགས་ནས་ལོ་བཅུ་འཁོར་བའི་མང་ཚོགས་རིག་གནས་བྱེད་སྒོ་སྤེལ་བ།
ཟླ་5ཚེས་18ཉིན། “རྟེན་མཛོད་གླིང་གིས་སློབ་གསོ་དང་ཞིབ་འཇུག་ལ་གཞོལ་བ”དང“འདས་པའི་ལོ་བཅུར་བསྐྱར་དྲན”ཞེས་པའི་བོད་ལྗོངས་གཡག་རྟེན་མཛོད་གླིང་བཙུགས་ནས་ལོ་བཅུ་འཁོར་བའི་མང་ཚོགས་རིག་གནས་བྱེད་སྒོ་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་སྤེལ་བ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ་བྱེད་སྒོར་ཞུགས་ཡོད་པ་རེད།
བཀྲ་ཤིས་ཟླ་བས་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ཚན་རིག་ཁྱབ་གདལ་སློབ་གསོ་དང་། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས། སྤྱི་པའི་ཞབས་ཞུ་སོགས་ཀྱི་ཐད་ལ་འབད་བརྩོན་ལྷོད་མེད་བྱས་པར་ཁས་ལེན་གནང་ཞིང་། ཁོང་གིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་འཐབ་སེམས་དང་། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ། དེ་བས་ཏན་ཏིག་གི་བྱ་ཐབས་བཅས་ལ་བརྟེན་ནས་གཡག་རིག་གནས་སྔོག་འདོན་དང་ཞིབ་འཇུག་བྱེད་ཤུགས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། རྟེན་མཛོད་གླིང་དུ་ཉར་བའི་ཐོན་ཁུངས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འགྲེམས་སྟོན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཚན་རིག་ཁྱབ་གདལ་སློབ་གསོ་དང་རིག་གནས་སྤེལ་རེས་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་རིག་གནས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་ལེགས་སུ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་རྒྱ་ཆེའི་ལྟད་མོ་བ་ཚོར་དེ་བས་སྤུས་ལེགས་ཀྱི་རིག་གནས་ཉམས་ལེན་མཁོ་འདོན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།