ཀོང་ཤིས་རུང་ཧྲུའེ་ཡི“བཟང་པོ་བཞིའི་གཞུང་ལམ”གྱི་ཡུལ་ལྗོངས་ལྟ་ན་སྡུག་པ།
འདི་ནི་ཉེ་དུས་པར་བརྒྱབ་པའི་རུང་ཧྲུའེ་རྫོང་སི་རུང་ཤང་གི་གཞུང་ལམ་དང་། སྐས་ཞིང་། ལྗོན་ཤིང་། གྲོང་མི་བཅས་གཅིག་ལ་གཅིག་བརྒྱན་དུ་གྱུར་བའི་མཛེས་སྡུག་ལྡན་པའི་རྣམ་པ་ཡིན་པ།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རམ་འདེགས་བྱ་ཆེད། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་རུང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་གིས“བཟང་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གཞུང་ལམ་དྲ་བ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཕྱིར་སྐྱོད་སོགས་ཀྱི་དགོས་མཁོ་བསྐངས་ཡོད།