གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་པ།
འདི་ནི་ཉེ་ཆར་མི་རྣམས་ཀྱིས་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་པའེ་ཨོ་ཐན་ཁུག་ཆེན་ཁུལ་གྱི་སྒྱུ་རྩལ་ལྟེ་གནས་སུ་མི་མེད་གནམ་གྲུའི་འཕུར་རྩལ་ལ་ལྟ་བཞིན་པ།
ཆུ་ངོས་སུ་མཁའ་ཟུག་ཐོག་ཁང་གི་ལྡོག་གྲིབ་མངོན་པ་དང་མཁའ་དབྱིངས་སུ་གནམ་གྲུའི་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད། གྲུ་ཁར་ལྗིད་འདེགས་འཕྲུལ་ཆས་ཆེན་པོ་དེ་ལྕགས་ལས་གྲུབ་པའི་སྡོམ་དང་འདྲ་བར་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ཟོག་འདྲེན་གྲུ་གཟིངས་སྟེང་གི་རི་བོ་ལྟར་སྤུངས་པའི་དོས་སྒམ་དག་ཡར་འདེགས་མར་འབེབས་བྱེད་བཞིན་ཡོད།
འགྲིམ་འགྲུལ་ཡོ་བྱད་སྣ་ཚོགས་ཀྱི་མཉམ་ལས་བརྒྱུད་འབྱུང་འགྱུར་གྱི་རེ་བས་ཁེངས་པའི་གྲོང་ཁྱེར་ཚོམ་བུ་ཞིག་ཀྲུང་གོའི་ལྷོ་ཕྱོགས་སུ་དར་རྒྱས་བྱུང་ནས། ཤང་ཀང་དང་ཨའོ་མོན་དང་དེའི་ཉེ་འགྲམ་གྱི་ཀོང་ཏུང་ཞིང་ཆེན་གྱི་གྲོང་ཁྱེར་9བཅས་གཞི་གཅིག་ཏུ་འདྲེས་ཡོད།
ཤང་ཀང་ཉེ་འགྲམ་གྱི་ཧྲེན་ཀྲེན་ནི་དེ་བས་མངོན་གསལ་དོད་པ་ཞིག་ཡོད། དུས་རབས་20པའི་ལོ་རབས་80པར་ས་ཆ་དེ་ནི་ཉ་གྲོང་ཞིག་ཡིན་མོད། འོན་ཀྱང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་བསྟུན་ནས་ད་ཆ་ཧྲེན་ཀྲེན“ཚན་རྩལ་གྲོང་ཁྱེར”ཏེ། ཧྭ་ཝུའེ་དང་། པི་ཡཱ་ཏི། ཏ་ཅང་། ཐེང་ཤུན་སོགས་ཚན་རྩལ་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་གནས་ཡུལ་ཞིག་ཏུ་གྱུར་ཡོད།
《གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》ནང་། བརྗིད་ཉམས་ལྡན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་གཞི་རབ་དང་རིམ་པ་ཚུད་ཡོད། ཀང་ཀྲུའུ་ཨའོ་ཟམ་ཆེན་ནི་འཛམ་གླིང་ཐོག་གི་རྒྱ་མཚོ་སྒྲོལ་ཟམ་ཆེན་རིང་ཤོས་ཤིག་ཡིན་པ་དང་སྤྱིའི་རིང་ཚད་སྤྱི་ལེ་55ཡོད། གཞན་ཡང་མྱུར་བགྲོད་ལྕགས་ལམ་གྱིས་ཤང་ཀང་དང་ཀྲུང་གོའི་ནང་ས་སྦྲེལ་མཐུད་ཐུབ་ནས། ཤང་ཀང་གི་གྲོང་མི་སྐར་མ་14ཡི་ནང་ཧྲེན་ཀྲེན་ཧྥུའུ་ཐེན་དུ་འབྱོར་བ་དང་སྐར་མ་48ཙམ་ནང་ཀོང་ཀྲོའུ་རུ་འབྱོར་གྱི་ཡོད།
——སི་ཕེན་གྱི《ཨ་པེ་སའེ་ཚགས་པར》གྱི་དྲ་ཚིགས་ནས་འབྱོར་པའི་གནས་ཚུལ།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་ཏ་ཝུའེ་ཡིས་པར་བརྒྱབ།