ཀྲུང་ཧང་མཛའ་གྲོགས་བྱ་གཞག་གི་ཕོ་ཉ་བྱེད་པར་བརྩོན།
འདི་ནི་ཧང་ག་རིའི་པུ་ཏ་ཕེ་སིར་ཧང་ཀྲུང་སྐད་གཉིས་སློབ་གྲྭའི་ལོ་རིམ་གསུམ་པའི་སློབ་མ་པའོ་དབྱི་ཡིས་རང་ཉིད་ཀྱི་མཛེས་རྩལ་བརྩམས་ཆོས་སྟོན་བཞིན་པ།
2004ལོར་བཙུགས་པའི་ཧང་ག་རིའི་པུ་ཏ་ཕེ་སིར་ཡོད་པའི་ཧང་ཀྲུང་སྐད་གཉིས་སློབ་གྲྭ་ནི་རྒྱ་ཡིག་དང་ཧང་ག་རིའི་སྐད་ཡིག་སྤྱད་ནས་སློབ་ཁྲིད་བྱེད་པའི་ཡོ་རོབ་དབུས་ཤར་ས་ཁུལ་གྱི་གཞུང་བཙུགས་ཀྱི་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭ་དང་པོ་དེ་རེད། འདི་ལོ་སློབ་གྲྭ་བཙུགས་ནས་ལོ་20འཁོར་བའི་དུས་དང་ཏག་ཏག་འཁེལ་ཡོད། མིག་སྔར་སློབ་གྲྭར་ལོ་རིམ་12དང་འཛིན་གྲྭ་20ཡོད་ཅིང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་500ལྷག་ཙམ་ཡོད་པ་དེ་དག་མང་ཆེ་བ་ནི་ཧང་ག་རིའི་སྐད་ཡིག་ཕ་སྐད་དུ་བྱས་པའི་སློབ་མ་ཡིན་པ་རེད། སློབ་མར་རྒྱ་ཡིག་གི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ད་དུང་རི་མོ་དང་། རོལ་དབྱངས། རྩིས་འཁོར་བཅས་ཀྱི་སློབ་ཚན་ཡང་རྒྱ་སྐད་ཐོག་ནས་ཁྲིད་པ་དང་། 2017ལོར་སློབ་གྲྭ་དེས་རྒྱལ་སའི་དགེ་འོས་སློབ་ཆེན་དང་རྒྱལ་སའི་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་དང་མཉམ་ལས་བྱས་ནས་ཁུང་ཙི་སློབ་ཁང་བཙུགས་པ། 2023ལོར་ཧང་ཀྲུང་སྐད་གཉིས་སློབ་གྲྭའི་སློབ་ཐོན་སློབ་མ་ཧུའུ་ལིང་གཡོད་དང་སུང་ཀྲི་ཞའོ་རྒྱལ་སའི་དགེ་འོས་སློབ་ཆེན་གྱི་རྒྱལ་སྤྱིའི་རིག་གནས་སློབ་གླིང་དུ་རྒྱུགས་འཕྲོད་ཡོད། ཁོང་གཉིས་ཀྱིས་རྒྱ་སྐད་རྒྱལ་སྤྱིའི་སློབ་གསོའི་ཆེད་ལས་ཀྱི་སློབ་སྦྱོང་བྱེད་པ་དང་། སློབ་གྲྭ་ཐོན་རྗེས་དགེ་རྒན་ཞིག་བྱས་ནས“ཧང་ག་རིའི་སློབ་མ་ཚོར་ཀྲུང་གོའི་གཏམ་རྒྱུད་དང་རིག་གནས་བརྗོད་པ”དང“ཧང་ཀྲུང་མཛའ་གྲོགས་བྱ་གཞག་གི་ཕོ་ཉ་བྱེད་རྒྱུ”ནི་ཁོང་གཉིས་ཀྱི་ཕུགས་འདུན་ཡིན་པ་རེད།