དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་འགོ་ཡག་པོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-20

    དཔལ་འབྱོར་འཕེལ་རྒྱས་ཀྱི“རྒྱུགས་འབུལ་ལམ་བུའི”ཐོག་ཉིང་ཁྲི་གྲོང་ཁྱེར་གྱིས་སླར་ཡང་བཀྲག་མདངས་འཚེར་བའི“སྦྱངས་འབྲས”ཤིག་ཕུལ་ཡོད། ཉེ་ཆར། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་གྱི་2024ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོར་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ནས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་53.07ཟིན་པ་དེ་དུས་མཚུངས་ལས་5.7%འཕར་ནས་ལྗོངས་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.6གིས་མཐོ་བ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་དང་པོ་ནས་4པ་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་དུས་མཚུངས་ལས་13.41%དང་15.68%སོ་སོར་འཕར་བ་དེའི་ནང་རྒྱལ་མཚམས་བསྒྲལ་ནས་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་དུས་མཚུངས་ལས་653.33%དང་690.89%སོ་སོར་འཕར་ཡོད་པ་རེད།

    མ་འཇོག་ཐད་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་བུན་འཕར་སྤྲོད་བྱེད་པའི་རྣམ་གྲངས་20བརྩོན་ལེན་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.18བཏང་བ་དང་། འདི་ལོ་གཙོ་གནད་རྣམ་གྲངས་533ལག་བསྟར་བྱེད་པར་མ་དངུལ་སྒོར་དུང་ཕྱུར་163.1གཏོང་རྩིས་ཡོད། མིག་སྔར་རྣམ་གྲངས་325ལས་འགོ་བསྐྱར་ཚུགས་དང་ལས་འགོ་ཚུགས་ཚད་94.5%ཟིན་ཡོད་པ་རེད།

    གཞན་ཡང་སྒྱུར་བཅོས་སྔོན་བསྟར་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་དམིགས་ཏེ། རྒྱལ་ཁབ་རིམ་པའི་དངུལ་ཁང་གི་ཞབས་ཞུ་ཚད་ལྡན་ཅན་གྱི་ཚོད་ལྟ་བྱས་ནས། ལྗོངས་ཡོངས་སུ་དངུལ་བུན་གྱི་སྐྱེད་ཚད་ཁྲོམ་ར་ཅན་གྱི་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་འགོ་ཚུགས་ཏེ་སྐྱེད་ཚད་ཁྲོམ་ར་ཅན་གྱི་ཚོད་ལྟའི་དངུལ་བུན་གན་འཇོག་དང་སྒོ་བྱང་སྤྲོད་པའི་མཛད་སྒོ་ཁག་དང་པོ་འཚོགས་ནས་བྲག་ཡིབ་ཆུས་ཀྱི་ཀུ་ཤུ་ཏུན་99ནེ་པ་ལར་ཕྱིར་གཏོང་བྱས་པར་ཕྱི་དངུལ་ཨ་སྒོར་ཁྲི་15རག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།