དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་4པར་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་ཡག་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-19

    གྲངས་གཞི་གསར་པ། ལྟ་ཚུལ་གསར་པ།

    ● བཟོ་ལས་ནས་བལྟས་ན། ཟླ་བ་4པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.7%འཕར་བ་དང་ལས་རིགས་བཅུ་ཆ་བརྒྱད་ལྷག་ཙམ་དང་ཐོན་རྫས་བཅུ་ཆ་དྲུག་ཙམ་བསྐྱར་འཕར་བྱུང་ཡོད།

    ● ཕྱིར་གཏོང་ནང་འདྲེན་གྱི་ངོས་ནས་བལྟས་ན། ཟླ་བ་4པར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་དུས་མཚུངས་ལས་8%འཕར་བ་དང་ཟླ་བ་དང་པོ་ནས་ཟླ་བ་བཞི་པ་བར་གྱི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    ཚེས་17ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་བ་4པའི་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པར། ཟླ་བ་4པར་ཐོན་སྐྱེད་ཀྱི་དགོས་མཁོ་བརྟན་པོའི་ངང་འཕར་བ་དང་། སྤྱི་ཚོགས་ཀྱི་སྔོན་དཔག་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་བྱུང་བ། རྒྱུན་མཐུད་བསྐྱར་འཕར་ཡག་པོ་བྱུང་བ་བཅས་རེད།

    ཐོན་སྐྱེད་ཀྱི་མཁོ་སྤྲོད་བརྟན་པོའི་ངང་འཕར་ཞིང་། བཟོ་ལས་ནས་བལྟས་ན། ཟླ་བ་4པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.7%འཕར་བ་དང་ལས་རིགས་བཅུ་ཆ་བརྒྱད་ལྷག་ཙམ་དང་ཐོན་རྫས་བཅུ་ཆ་དྲུག་ཙམ་བསྐྱར་འཕར་བྱུང་ཡོད། ཞབས་ཞུའི་ལས་རིགས་ནས་བལྟས་ན། ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་3.5%འཕར་བ་དང་གུང་གསེང་གི་རྒྱུ་རྐྱེན་འཐེན་རྗེས་ཞབས་ཞུའི་ལས་རིགས་ཀྱི་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་བྱུང་ཡོད།

    ཁྲོམ་རའི་དགོས་མཁོ་མུ་མཐུད་ཆེ་རུ་ཕྱིན་ཞིང་། ཕྱིར་གཏོང་ནང་འདྲེན་གྱི་ངོས་ནས་བལྟས་ན། ཟླ་བ་4པར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་དུས་མཚུངས་ལས་8%འཕར་བ་དང་། ཟླ་བ་དང་པོ་ནས་བཞི་པ་བར་གྱི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། འཛད་སྤྱོད་ནས་བལྟས་ན། ཟླ་བ་4པར་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་2.3%འཕར་ཡོད། མ་དངུལ་གཏོང་བའི་ཐད་ནས་བལྟས་ན། ཟླ་བ་དང་པོ་ནས་བཞི་པ་བར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་བ་དེ་དུས་མཚུངས་ལས་4.2%འཕར་བའི་ནང་བཟོ་སྐྲུན་ལས་རིགས་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་9.7%འཕར་ཡོད་པ་རེད།

    ཁེ་ལས་འཕེལ་རྒྱས་ཀྱི་སྔོན་དཔག་ལས་ལེགས་སུ་འགྲོ་བཞིན་ཡོད་ཅིང་། ཟླ་བ་4པར་ཁྲོམ་རའི་དགོས་མཁོ་མུ་མཐུད་སླར་གསོ་བྱུང་བ་དང་། ཁེ་ལས་ཀྱི་ཐོན་སྐྱེད་མགྱོགས་སུ་ཕྱིན་པ།

    བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས་ཟླ་བ་གཉིས་བསྟུད་མར་མང་དུ་ཕྱིན་པ་དང་། དེའི་ནང་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོའི་སྔོན་དཔག་སྟོན་གྲངས་55.2%དང་ཞབས་ཞུའི་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་སྟོན་གྲངས་50.3%ཟིན་ཡོད་པ་རེད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་འཕེལ་རྒྱས་གསར་པ་བྱུང་ཞིང་། ཟླ་བ་4པར་གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་9.9%དང་11.3%སོ་སོར་འཕར་ཡོད། དུས་ཐོག་སིལ་ཚོང་དང་ཐད་གཏོང་ཟོག་ཚོང་སོགས་བྱེད་སྟངས་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཟླ་བ་དང་པོ་ནས་བཞི་པ་བར་དངོས་ཟོག་དྲ་ཐོག་སིལ་ཚོང་བྱེད་འབོར་དུས་མཚུངས་ལས་11.1%འཕར་རྒྱུར་སྐུལ་ཁྲིད་བྱས་པ་རེད། དམངས་འཚོའི་ཁྱབ་ཁོངས་ཀྱི་མ་དངུལ་མུ་མཐུད་མང་དུ་བཏང་བ་དང་། ཟླ་བ་དང་པོ་ནས་བཞི་པ་བར་སློབ་གསོ་དང་ལུས་རྩལ་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་7.7%དང་12.7%སོ་སོར་འཕར་བ་དེ་མ་དངུལ་ཆ་ཚང་ལས་འཕར་ཚད་བརྒྱ་ཆའི་གྲངས་3.5དང་8.5ཡིས་མྱུར་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།