དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་གོའི་སྤུས་རྟགས་ཉིན་མོའི་ཐོག“མཚོ་སྔོན་རྟགས་ཅན” གྱི་བཀྲག་མདངས་རབ་ཏུ་འཚེར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་ཧྥེ་ཧྥེ།   |     སྤེལ་དུས།  2024-05-19

    སྤུས་རྟགས་ཕུལ་བྱུང་གཅིག་ཏུ་འཛོམས། གསར་གཏོད་སྟོབས་ཤུགས་རབ་ཏུ་ངོམས། ཟླ་5ཚེས་10ཉིན་2024ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་འགྲེམས་ཁང་དུ་སྤེལ་འགོ་ཚུགས་པ་དང་། 2017ལོ་ནས་བཟུང་ལོ་རེའི“ཀྲུང་གོའི་སྤུས་རྟགས་ཉིན་མོ”དེ་འཛམ་གླིང་གིས་ཀྲུང་གོའི་སྤུས་རྟགས་ཀྱི་འཕེལ་རིམ་ལ་ཉམས་ལེན་དང་ཀྲུང་གོའི་སྤུས་རྟགས་ཀྱི་སྟོབས་ཤུགས་ལ་དཔང་པོ་བྱེད་པའི“སྐར་ཁུང”གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ཐེངས་ཧྲང་ཧའེ་རུ་སླར་ཡང་མཚོ་སྔོན་ཞིང་ཆེན་གྱི“མཚོ་སྔོན་རྟགས་ཅན”གྱི་སྤུས་རྟགས་ཀྱི་བཀྲག་མདངས་རབ་ཏུ་འཚེར་ཞིང་། ཧོང་ཕུའུ་གཙང་འགྲམ་ནས་འཛམ་གླིང་ལ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།

    གསར་འགོད་པས་ལྟ་སྐོར་བྱེད་མཁན་ཚོ་དང་མཉམ་དུ་ནུབ་རྒྱུད་གཏེར་ལས་འགྲེམས་སྟོན་ཁང་དུ་སྐྱོད་སྐབས། གྲུབ་འབྲས་མཉམ་སྤྱོད་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་འགྲེམས་སྟོན་ཁང་ཞིག་མིག་མདུན་དུ་འཆར། འགྲེམས་ཁང་གི་གྲུབ་ཆ་གཙོ་བོའི་ཁ་མདོག་སྔོ་ལྗང་ཡིན་པར་དཀར་པོའི་མཛེས་རྒྱན་སྤྲས་པས“ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཉམ་སྤྱོད”ཀྱི་བརྗོད་དོན་གཙོ་བོ་གསལ་ལེར་མངོན།

    “ང་ཚོའི་འགྲེམས་ཁང་ནི་ལས་སྒོ་མི་འདྲ་བ་ཆེན་པོ་དྲུག་གཙོ་བོར་བྱས་ཏེ་བརྙན་ལམ་དང་དངོས་རྫས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་འབྲེལ། ཁ་གསལ་བ་དང་ཕྱིར་མངོན་པའི་ཇུས་འགོད་བྱ་ཐབས་སྤྱད་དེ། གོམ་པ་རེའི་མཚམས་སུ་ཡུལ་ལྗོངས་རེ་མངོན་པར་བྱས་ནས་ནུབ་རྒྱུད་གཏེར་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་མངོན་པ་དང་། སྣ་མང་གི་འགྲེམས་སྟོན་བྱ་ཐབས་ཀྱིས‘དབྱིངས་ཞུགས་རྣམ་པའི’འགྲེམས་སྟོན་ལ་ལྟ་བའི་ཉམས་ལེན་བཏོད་ཡོད”ཅེས་ནུབ་རྒྱུད་གཏེར་ལས་མ་རྐང་ཀུང་སིའི་ཏང་ཨུད་ཨུ་ཡོན་དང་ཙུང་ཚའེ་གཞོན་པ་ཏུའུ་ཧྲི་ཧུང་གིས་བཤད།

    “ཁྱེད་ཚོས་ཚྭར་སྣ་ཁ་མི་འདྲ་བ་ག་ཚོད་ཡོད་པ་ཤེས་ཀྱི་ཡོད་དམ། རྒྱུན་སྤྱོད་ཀྱི་བཟའ་ཚྭ་དེ་རིགས་གང་གི་ཁོངས་སུ་གཏོགས་སམ”འགྲེམས་སྟོན་ལ་ཞུགས་མཁན་ལྟད་མོ་བ་ཚོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3100ཡོད་པའི་ལྗང་མདོག་དང་། ལྷད་མེད། སྐྱེ་ཁམས། བདེ་ཐང་བཅས་ཀྱི་སྤུས་དག“ཚྭའི་བྲོ་བ”ཤེས་རྟོགས་ཐུབ་ཆེད། ལས་དོན་མི་སྣ་ཝང་པའོ་ཅིན་གྱིས་འགྲེམས་སྟེགས་ཀྱི་མདུན་དུ་ཡོང་མཁན་ལྟད་མོ་བ་ཚོར་འདྲི་བ་དེ་དག་བཏོན་པས་ཚང་མའི་དོ་སྣང་བྱ་ཡུལ་དུ་གྱར།

    “ང་ཚོས་རྒྱུན་དུ་ཟ་བའི་ཚྭ་ཚང་མ་ཁྲོན་པའི་ཚྭ་རེད། མཚོ་ཚྭ་མཐོང་ཐེངས་དང་པོ་ཡིན་པས་འདི་ལ་མི་འདྲ་བ་ཅི་ཡོད་དམ”ཞེས་ཧྲང་ཧའེ་རུ་ལོ་ངོ་ཉི་ཤུ་ལྷག་ཙམ་འཚོ་བ་སྐྱེལ་མཁན་སྐུ་ཞབས་ཀྲའོ་ལགས་ཀྱིས་ཐུམ་སྒྲིལ་སྙིང་རྗེ་པོ་བརྒྱབ་པའི་ཚྭ་ཁུག་མ་གང་བླངས་ནས་དྲིས། ཝང་པའོ་ཅིན་གྱིས“ང་ཚོ‘མཚོ་སྔོན་གྱི་ཚྭ’ཚྭ་རྡོག་ཆེ་བ་དང་། སྤུས་ཀ་དག་པ། བྲོ་བ་ཞིམ། དེ་ནི་ལོ་ངོ་དུང་ཕྱུར་མང་པོའི་གོང་རང་བྱུང་ལྷུན་གྱིས་གྲུབ་པའི་གདོད་མའི་ཚྭ་རྒྱུ་ཆར་བྱས་ནས་ལེགས་འདེམས་ལས་སྣོན་བྱས་པ་ཞིག་ཡིན་པ་དང་། རང་བྱུང་ལྷད་མེད་ཀྱི་ཐོན་རྫས་ཤིག་རེད”ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། ནུབ་རྒྱུད་གཏེར་ལས་ཀྱིས“ས་མཐོའི་སྐྱེ་ཁམས་དང་། རང་བྱུང་ལྷད་མེད། སྤུས་ལེགས་མཚོ་ཚྭ”བཅས་ཀྱི་གནས་བབ་ལ་གཞི་ཚུགས་ནས་ལྗང་མདོག་དང་། ལྷད་མེད། སྐྱེ་ཁམས། བདེ་ཐང་བཅས་ཀྱི་སྤུས་ཀ་དག་པའི“ཚྭ་ཁ་ཚྭའི”སྤུས་རྟགས་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱས་ཏེ། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོབ་པའི་བཟའ་བྱའི་ཚྭ་ཐོག་མར་གྱུར་ནས་རྒྱལ་ནང་གི་གདོད་མའི་རྣམ་པའི་སྐྱེ་ཁམས་མཚོ་ཚྭ་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ“ཚྭའི་བྲོ་བ”དུད་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད།

    མི་རྣམས་ཧང་སངས་དགོས་པ་ཞིག་ལ་ནུབ་རྒྱུད་གཏེར་ལས་ཀྱིས་ད་ཐེངས་ཚྭ་ཁ་ཚྭ་མཚོའི་མཛེས་ལྗོངས་ཁུལ་དང་དབྱི་ཝུའུ་སྦྱར་སྡོང་མཛེས་ལྗོངས་ཁུལ་དེ་འགྲེམས་ཁུལ་དུ“སྤོས”ནས་ལྟད་མོ་བ་ཚོའི་ཡིད་དབང་བཀུག་ཅིང་། གསེར་མདོག་གི་སྦྱར་སྡོང་གི་འདྲ་དཔེ་ཞིག་འགྲེམས་ཁང་གི་བཀྲག་མདངས་འཚེར་ཤོས་ཀྱི་ཡུལ་ལྗོངས་སུ་གྱུར་པ་དང་། གྲངས་ཉུང་མི་རིགས་ཀྱི་གོས་གྱོན་པའི་ལས་དོན་མི་སྣས་འགྲམ་དུ་མི་རིགས་ཀྱི་ཞབས་བྲོ་གང་དགར་འཁྲབ་པར་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་བསྔགས་བརྗོད་ཚད་མེད་ཐོབ་ཡོད།

    ཧྲང་ཧའེ་ཡི་གྲོང་མི་ཧྭ་ཕིང་ལན་གྱིས་དགའ་སྤྲོ་ཆེན་པོས་ལས་དོན་མི་སྣར་ལག་ཐོགས་ཁ་པར་སྤྲད་དེ་པར་རྒྱག་ཏུ་བཅུག་པ་དང་། མཚོ་སྔོན་གྱི་སྐོར་གླེང་སྐབས་ཁོང་གིས“དངོས་གནས་ས་ཆ་ཡག་པོ་ཞིག་རེད”ཅེས་བསྟུད་མར་བཤད། ལས་དོན་མི་སྣ་ཀྲང་ཧའེ་ཞ་ཡིས་དེའི་འགྲམ་དུ་ཚྭ་ཁ་ཚྭ་མཚོའི་མཛེས་ལྗོངས་ཁུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ད་དུང་ཁོང་ཁྲིད་ནས་ཚྭ་བཟོས་ཐོན་རྫས་སྣ་ཚོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ། ཚྭ་བཟོས་ཐོན་རྫས་སྣ་ཚོགས་མཐོང་སྐབས་ཧྭ་ཕིང་ལན་གྱིས“མཚོ་སྔོན་ལ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཡོད་པ་མ་ཟད། ད་དུང་ཐོན་རྫས་ཡག་པོ་དེ་འདྲ་མང་པོ་ཡོད་པས་ང་ཚོ་ངེས་པར་དུ་མཚོ་སྔོན་ལ་ཐེངས་གཅིག་འགྲོ་གི་ཡིན”ཞེས་བཤད།

    སྤུས་རྟགས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོན་རྟགས་རེད། “ཚྭ་ཁ་ཚྭ”དང་། ཚྭ་མཚོ་གཡུ་ཡི་མེ་ལོང་། དབྱི་ཝུའུ་སྦྱར་སྡོང་བཅས་ཀྱི་སྤུས་རྟགས་དམིགས་བསལ་ངོ་སྤྲོད་བྱས་པ་ཕུད། ནུབ་རྒྱུད་གཏེར་ཁའི་སྤུས་རྟགས་ཀྱི་གསར་གཏོད་སྟོབས་ཤུགས་ལྡན་པའི་མདོག་ལྡན་ལྕགས་རིགས་དང་མཱེ་རིགས་ཀྱི་ཐོན་རྫས་དེ་བས་ངོ་སྤྲོད་བྱས་ཡོད།

    “ད་ཐེངས‘ཀྲུང་གོའི་སྤུས་རྟགས་ཉིན་མོའི’འགྲེམས་སྟོན་བརྒྱུད། ནུབ་རྒྱུད་གཏེར་ལས་ཀྱིས་སྤུས་ཚད་ལ་དོན་གཉེར་ཆེན་པོ་བྱེད་པ་མཐོང་ཐུབ། ང་ཚོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་དམིགས་ཚད་དང་མུ་མཐུད་བསྡུར་བ་བྱས་ཏེ་སྤུས་རྟགས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩི་བ་དང་སྤུས་རྟགས་གསར་གཏོད་ལ་བརྟེན་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་རམ་འདེགས་བྱས་ཏེ་ཀུང་སིའི་སྤུས་རྟགས་ཀྱི་རིན་ཐང་དང་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྒྱལ་ནང་གི་དེང་རབས་ཅན་གྱི་ཁེ་ལས་རྩེ་གྲ་མགྱོགས་མྱུར་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན”ཞེས་ཏུའུ་ཧྲི་ཧུང་གིས་བཤད།

    མཛེས་སྡུག་ལྡན་པའི་ཚོང་འདུས་འགྲེམས་ཁུལ་དུ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་8ཀྱིས་གཅིག་རྗེས་གཉིས་མཐུད་ཀྱི“སྤུས་ལེགས་ཐོན་རྫས”འགྲེམས་སྟོན་བྱས་པར་ལྟ་སྐོར་བ་མང་པོ་ཡོད་པ་མཐོང་བྱུང་། མཚོ་སྔོན་གྱི་ཚགས་ཤ་དང་། ཕིང་ཁ་ཚ། ནས་ཞོ། ཚྭ་ཁ་ཚྭ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་ལ་ལྟད་མོ་བ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    ད་ཆ“མཚོ་སྔོན་རྟགས་ཅན”གྱི་སྤུས་རྟགས་འཛམ་གླིང་གི་གར་སྟེགས་ཐོག་གཟི་འོད་འཕྲོ་བཞིན་ཡོད་པས། མཚོ་སྔོན་གྱིས་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱེད་པ་དང་སྤུས་རྟགས་འགྲན་རྩོད་ནུས་པ་གཅིག་ཏུ་བསྡུས་ནས“མཚོ་སྔོན་རྟགས་ཅན”སྤུས་རྟགས་ཀྱི་འབྱུང་འགྱུར་སྔར་བས་བཀྲག་མདངས་འཚེར་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།