དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སེམས་རྩ་འཁོལ་པོས་ཞབས་འདེགས་ལེགས་པར་ཞུས། ཉེན་རྟོག་པ་དང་མི་དམངས་བརྩེ་བ་ཟབ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཐན་ཕེ།   |     སྤེལ་དུས།  2024-05-18

    སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཝུའུ་ཧོའུ་ཆུས་ཡན་ལག་ཅུས་ཀྱི་ཅང་ཞིས་ཁྲོམ་གཞུང་མངགས་གཏོང་ཁང་དུ་སླེབས་སྐབས་གྱང་ངོས་ཤིག་ཏུ་བོད་རིགས་མང་ཚོགས་ཀྱིས་ཕུལ་བའི་ཁ་བཏགས་ཀྱིས་གཡོགས་འདུག

    ཅང་ཞིས་ཁྲོམ་གཞུང་ནི་ཁྲེང་ཏུའི་བོད་རིཌ་འདུས་སྡོད་ཁུལ་ཆེ་ཤོས་ཡིན་ཞིང་། ཇི་ལྟར་སྤུས་ཚད་མཐོ་པོས་བོད་རིགས་མང་ཚོགས་ལ་ཞབས་འདེཌ་ཞུ་བར་དམིཌ་ཏེ་ཅང་ཞིས་ཁྲོམ་གཞུང་མངགས་གཏོང་ཁང་གིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ལས་ཀའི་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ཡོད།

    “བོད་རིགས་མང་ཚོགས་ལ་རྒྱུས་མངའ་ལོན་པ་དང་བོད་རིགས་མང་ཚོགས་དང་འབྲེལ་འདྲིས་བྱེད་པར་དང་ཐོག་སྐད་བརྡ་འཕྲོད་པ་དང་འབྲེལ་གཏུག་ཡག་པོ་ཡོང་བར་བྱེད་དགོས”ཅང་ཞིས་ཁྲོམ་གཞུང་མངགས་གཏོང་ཁང་གི་སུའོ་ཀྲང་ཞུང་ཅན་གྱིས་ཉིན་ལྟར་གྱི་ཞོགས་ཚོགས་འཚོགས་རྗེས་སུའོ་དེའི་ནང་དུས་ཚོད་སྐར་མ་15སྤྱད་དེ་ཆེད་མངགས་བོད་སྐད་སྦྱོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས། མཁའ་འགྲོ་ནི་སུའོ་དེའི་སྐད་གཉིས་ལས་བྱེད་པ་ཡིན་ཁར་ད་ཆ“དགེ་རྒན”གྱི་ཐོབ་ཐང་ཞིག་མང་དུ་སོང་ཞིང་། ཁོང་གིས“སྐད་རིགས་སློབ་སྦྱོང་དང་རིག་གནས་ཤེས་རྟོགས་བྱེད་པ་ལས་ངེད་ཚོས་བོད་རིགས་མང་ཚོགས་ལ་འབྲེལ་འདྲིས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་འདུག སྐབས་རེ་བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲིར་བསྐྱོད་སྐབས་བོད་སྐད་ཚིག་རེ་གཉིས་བཤད་མ་ཐག་ཕན་ཚུན་འདྲིས་པར་འགྱུར་ཐུབ”ཅེས་ངོ་སྤྲོད་བྱས།

    ཨ་སྔོན་སྤྲིན་དཀར་འོག་སྲང་ལམ་ཆུང་ཆུང་རེ་རེ་བཞིན་བརྒྱུད་སྐབས་སྔོ་ལྗང་ལྗོན་ཤིང་དང་མེ་ཏོག རྩྭ་རྩི་ཤིང་གི་གསེབ་ནས་གྲོང་མིའི་ཁང་པ་སྟར་པ་རེ་རེ་བཞིན་མངོན། “ཉེན་རྟོག་དཔོན་ཀུའོ་ལགས། ཁྱེད་རང་སྐུ་ལས་ཁག་སོང་། ད་ལྟ་འདི་གར་ཧ་ཅང་སྐྱིད་པོ་འདུག”ཝུའུ་ཧོའུ་ཆུས་ཞིས་མན་ཆའོ་འཕྲེད་ལམ་ཁྲོམ་གཞུང་གི་སྒོ་ར་ཨང་22པར་སྡོད་མཁན་བོད་རིགས་བསམ་བདེས་མི་དམངས་ཉེན་རྟོག་པ་ཀུའུ་ཞུའེ་པིན་ཡོང་གི་ཡོད་པ་མཐོང་འཕྲལ་མདུན་དུ་ཡོང་ནས་མཐེ་བོང་བསྒྲེངས་བཞིན་བཤད།

    སྒོ་ར་ཨང་22པའི་ནང་བོད་རིགས་ཧ་ཅང་མང་པོ་སྡོད་པ་དང་རྒན་རྒོན་དེ་བས་མང་པོ་ཡོད། དེ་སྔ་སྡེ་ཁུལ་གྱི་ཁོར་ཡུག་ཞན་ལ་རྟག་ཏུ་ཅ་དངོས་ཙག་ཙིག་གང་བྱུང་དུ་སྤུངས་ཡོད། ཐེངས་ཤིག་ཀུའོ་ཞུའེ་པིན་དང་མཁའ་འགྲོ་གཉིས་སྒོ་རའི་གྲོང་མིར་འཚམས་འདྲིར་འགྲོ་སྐབས་གནས་ཚུལ་དེ་དག་ཤེས་རྗེས་དེ་མུར་སྡེ་ཁུལ་གྱི་ལས་དོན་པར་འབྲེལ་གཏུག་བྱས་ནས་ཅ་དངོས་ཙག་ཙིག་གཙང་སེལ་དང་། བགྲོད་ལམ་གཤོང་བ། སྔོ་ལྗང་འདེབས་འཛུགས་བཅས་བྱེད་དུ་བཅུག་ཡོད། ད་ཆ་སྒོ་ར་ཆུང་ངུ་དེའི་ནང་རྩྭ་རྩི་ཤིང་གི་དྲི་ཞིམ་གང་སར་འཐུལ་བ་དང་གྲོང་མི་ཚོས་བག་ཕེབས་ངང་སྒོ་རའི་ནང་འཛོམས་ཏེ་ཅི་འཕྲོས་མོལ་འཕྲོས་བྱེད་ལ། ངང་ཚུལ་ཧ་ཅང་སྐྱིད་སྣང་དོད།

    དེ་དང་འདྲ་བར་ཤིས་མན་ཆའོ་འཕྲེད་ལམ་ཁྲོམ་གཞུང་དུ་སྡོད་མཁན་གཡང་མཚོ་ནི་ངོ་ཚ་སྨིན་པའི་ཁར་རྒྱ་སྐད་དེ་ཙམ་བདེ་པོ་མེད་རྐྱེན་ཁོངས་གཏོགས་ཁུལ་གྱི་ལས་བྱེད་པ་དང་འབྲེལ་གཏུག་བྱེད་ཉུང་ཉུང་རེད། ལོ་ཤས་གོང་གཡང་མཚོའི་བུ་མོ་སློབ་ལོ་ལོན་པ་དང་སྡོད་གནས་ལག་ཁྱེར་མེད་སྟབས་ཕ་ཡུལ་དུ་ལོག་ནས་སློབ་གྲྭར་འགྲོ་དགོས་རྐྱེན་ནང་མི་རྣམས་ས་ཆ་གཉིས་སུ་འཚོ་བ་སྐྱེལ་དགོས་པའི་གནས་སུ་གྱར། དེས་ན་སྟེས་དབང་གི་གོ་སྐབས་ཤིག་ལ་མི་དམངས་ཉེན་རྟོག་པ་ལུའོ་ཨེན་ཞང་གཡང་མཚོའི་ཁྱིམ་དུ་འཚམས་འདྲིར་ཡོང་སྐབས་གནས་ཚུལ་དེ་ཤེས། “དཔྱད་གཞི་གྲ་སྒྲིག་ཡག་པོ་བྱས་ཚེ་འགྲོ་ལུགས་གཉེར་སླ་པོ་ཡོད། སྐར་མ་ཁ་ཤས་ལས་འགོར་མི་སྲིད”ཅེས་ཤོད་བཞིན་ལུའོ་ཨེན་ཞང་གིས་དེ་མུར་སློབ་གྲྭ་དང་འབྲེལ་གཏུག་བྱས་ནས་ལག་ཁྱེར་གཉེར་རོགས་བྱས།

    བོད་སྐད་ཀྱི་འཚམས་འདྲི་རེ་རེ་དང་དཀའ་ངལ་སེལ་ཐེངས་རེ་རེ་ལས་མངགས་གཏོང་ཁང་ནང་དུ་ཁ་བཏགས་མང་དུ་འགྲོ་བ་དང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་བོད་རིགས་མང་ཚོགས་དབར་གྱི་འབྲེལ་བ་ཡང་ཇེ་ཟབ་ཏུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།