དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གུང་སྐུ་ཚབ་ཚོགས་པས་ཝེ་ཐེ་ནམ་ལ་འཚམས་འདྲི་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-18

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཝེ་ཐེ་ནམ་གུང་ཁྲན་ཏང་གི་གདན་ཞུས་ལྟར་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོཌ་འབྲེལ་གཏུགས་པུའི་པུའུ་ཀྲང་གི་ལས་རོགས་ཀྲའོ་ཧྲི་ཐུང་གིས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཝེ་ཐེ་ནམ་ལ་འཚམས་འདྲི་ཞུས་པ་རེད། དེའི་རིང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའི་པུའུ་ཀྲང་ལི་ཧོའེ་ཀྲུང་དང་ཐུག་འཕྲད་གནང་བ་དང་སྦྲགས། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་དྲིལ་བསྒྲགས་སློབ་གསོ་པུའུ་དང་ཀྲུང་དབྱང་ཕྱི་ཕྱོགས་པུའི་འགན་འཁུར་བ་དང་ཡང་སོ་སོར་ལས་དོན་གྲོས་མོལ་གནང་བ་རེད།

    ཕྱོགས་གཉིས་པོས་ཀྲུང་ཝེའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་ཐོག་ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་མཉམ་དུ་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་འབྲེལ་འདྲིས་དང་སྤེལ་རེས་མིག་ལྟོས་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། དམངས་ཁྲོད་ཀྱི་མཛའ་གྲོགས་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཕན་ཚུན་ལག་གདང་སྦྲེལ་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།