དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོས་གོ་ལ་ཧྲིལ་པོའི་ཁོར་ཡུག་གྲོས་རིམ་ཐོག་འགག་རྩའི་ནུས་པ་འདོན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོང་ཝེ་ཤིན།   |     སྤེལ་དུས།  2024-05-18

    “ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཆེན་པོ་ཕྱིན་ཡོད། ཉེ་ཆར་ངས་ཏ་ལེན་སོགས་ས་ཁུལ་དུ་གཞུང་དོན་སྒྲུབ་པར་ཐེངས་ཁ་ཤས་སྐྱོད་སྐབས། ས་གནས་དེ་གའི་དགུང་སྔོན་སྤྲིན་དཀར་དང་མཁའ་རླུང་གཙང་མས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང” མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ནུབ་བྱང་ཞི་བདེ་རྒྱ་མཚོ་ཆེན་པོའི་བྱ་སྤྱོད་འཆར་གཞིའི་མཐུན་སྦྱོར་ཀྲོན་ཡོན་ཡེ་ཀེར·ཝོ་ལུའོ་ཝེ་ཁེས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་བ་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་པ་དང་དུས་མཚུངས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་ཉིན་རེ་བཞིན་ནུས་པ་གལ་ཆེན་འདོན་གྱི་ཡོད་ཅེས་བརྗོད་པ་རེད།

    “ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་འབད་བརྩོན་ཆེན་པོ་བྱས་ནས་མ་དངུལ་དང་ཐོན་ཁུངས་འབོར་ཆེན་བཏང་བ་དང་། ཐོབ་པའི་གྲུབ་འབྲས་ལའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་དཔྱད་དཔོག་ལྟ་ཞིབ་ཚད་ལེན་ལས་དོན་གྱི་ར་སྤྲོད་ཐོབ་ཡོད། དེ་དག་ནི་ཉེ་བའི་ལོ་ཤས་རིང་། ཀྲུང་གོས་འབྲེལ་ཡོད་ས་ཁོངས་སུ་བཙོག་ཆུ་གཙང་གསིང་སྒྲིག་ཆས་བཙུགས་པ་ལས་བྱུང་བ་ཞིག་རེད། བཙོག་ཆུ་བཅོས་སྒྲིག་གི་གྲུབ་འབྲས་སྲུང་སྐར་བརྙན་པར་ཐོག་ནས་གསལ་པོར་མངོན་ཡོད” ཝོ་ལུའོ་ཝེ་ཁེས་ཀྲུང་གོས་འབྲེལ་ཡོད་ཀྱི་ཉམས་མྱོང་དང་། བྱེད་ཐབས། ལག་རྩལ་བཅས་རྒྱལ་ཁབ་གཞན་ལ་མཉམ་སྤྱོད་བྱས་པ་ཡིན་ན་རྒྱལ་ཁབ་མང་བའི་ཁོར་ཡུག་བཅོས་སྒྲིག་ཐད་དགེ་མཚན་ལྡན་པའི་འགྱུར་ལྡོག་ཡོང་རྒྱུ་རེད”ཅེས་བརྗོད།

    ཝོ་ལུའོ་ཝེ་ཁེས། འདི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཚོགས་ཆེན་སྐབས་དྲུག་པའི་ཐོག་གྲོས་ཆོད་ཁག་15དང་གཏན་འབེབས་ཁག་གཉིས་ལ་གྲོས་འཆམ་བྱུང་བའི་ནང“གནམ་གཤིས་འགྱུར་ལྡོག་དང་། རང་བྱུང་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་ཤོར་བ། སྦགས་བཙོག་དང་ཟོག་རོའི་གནད་དོན”བཅས་ས་གོ་ལའི་ཉམས་ཉེན་གསུམ་བརྩེགས་ཐག་གཅོད་བྱེད་པའི་ནང་དོན་མང་པོ་ཚུད་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཚོགས་ཆེན་སྐབས་དྲུག་པའི་ཐོག་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་ཁོར་ཡུག་ཉམས་ཉེན་ལ་ཁ་གཏད་གཅོག་རྒྱུའི་རེ་འབོད་བྱས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་ད་དུང་ཚོགས་ཆེན་མ་འཚོག་གོང་དུ“ཕྱོགས་མང་ཁོར་ཡུག་གྲོས་མཐུན་ཉིན་མོ”བཙུགས་པ་དེའི་དམིགས་ཡུལ་ནི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བའི་གལ་ཆེའི་རང་བཞིན་ནན་བཤད་བྱ་རྒྱུ་དེ་རེད། “ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་ཧ་ཅང་ཡག་པོ་ཞིག་ཡིན་ཞིང་། གོ་ལ་ཧྲིལ་པོའི་ཁོར་ཡུག་སྐོར་གྱི་གྲོས་མཐུན་མང་པོའི་ནང་ཧུར་ཐག་ཞུགས་པ་མ་ཟད་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།