དབུ་ཤོག>གསར་འགྱུར།>དམངས་འཚོ།
  • 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས” ཀྱི་ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-18

     ཚེས་15ཉིན་གྱི་ཕྱི་དྲོར“རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས”ཀྱི་ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་ཤིང་། ཆོས་འཛོམས་ཀྱི་ཁྱིམ་ཚང་སོགས་ཁྱིམ་ཚང་80བོད་རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས”སུ་བདམས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་མཁན་ཁྱིམ་ཚང་ཡག་ཤོས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཕལ་པའི་བྱ་བཟང་ཁྲོད་ནས“ཡག་ཤོས”ཤེས་རྟོགས་དང“ཡག་ཤོས”འདེམས་སྒྲུག་མཁས་པོ་བྱས་ཏེ་དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་བཟང་པོ་ཁྱིམ་ཚང་ཚང་མའི་ནང་རྩ་བ་ཚུགས་ནས་མེ་ཏོག་བཞད་པ་དང་ཤེས་དཔལ་གྱི་འབྲས་བུ་གཡུར་དུ་ཟ་བ་ཐོགས་པར་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་གཅུན་ནན་པོ་དང་། ཁྱིམ་འཛིན་ནན་པོ། རང་སྡོམ་ནན་པོ་བཅས་བྱས་ཏེ་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་བཟང་པོ་དར་སྤེལ་གཏོང་མཁན་བྱེད་དགོས་པ་མ་ཟད། ལག་ལེན་བསྟར་མཁན་དེ་བས་ཀྱང་བྱས་ཏེ་ཁྱིམ་སྲོལ་བཟང་པོ་དང་། ཁྱིམ་གྱི་བསླབ་བྱ་ཡག་པོ། ཁྱིམ་ཚང་སློབ་གསོ་ཡག་པོ་བཅས་ཁྱིམ་བརྒྱུད་ཀྱི་ནོར་བུར་བརྩིས་ཏེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱིས་ཁྱིམ་ཚང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁྱིམ་ཚང་ཡག་པོར་བརྟེན་ནས་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་དང་། ཁྱིམ་སྲོལ་བཟང་པོར་བརྟེན་ནས་དམངས་སྲོལ་བཟང་པོར་སྐུལ་ཁྲིད། དེ་བཞིན་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་བརྟེན་ནས་རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོ་ནས་བཟུང་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྗོངས་ཡོངས་སུ“ཁྱིམ་ཚང་ཡག་ཤོས”འཚོལ་བའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཞིང་། ལོ་བཅུའི་རིང་། རིགས་ཁག་གི་རང་སྐྱོང་ལྗོངས་ཀྱི་ཁྱིམ་ཚང་ཡག་ཤོས་དུད་ཚང་ཁྱོན་899ལ་གཟེངས་བསྟོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།