དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཡ་ཅི་ལྕགས་ལམ་གྱིས་ཨེ་ཙེ་ཨོ་ཕི་ཡ་དང་ཅི་པོའུ་ཐིའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-17

    ཉིན་ཤས་གོང་། ཡ་ཅི་ལྕགས་ལམ་གྱི་ལོ་དྲུག་གི་གྲུབ་འབྲས་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་ཅེས་པའི་ཡོངས་བསྒྲགས་ཚོགས་འདུ་དང་རྩིས་སྤྲོད་རྩིས་ལེན་མཛད་སྒོ་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་རུ་འཚོགས་པ་དང་། ཚེས་14ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་དང་ཅི་པོའུ་ཐི་རྒྱལ་ཁབ་གཉིས་དང་མཉམ་ལས་གཞོགས་འདེགས་མུ་མཐུད་བྱས་ནས། ལྕགས་ལམ་དེ་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་བའི་དར་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས་ཡ་ཅི་ལྕགས་ལམ་ནི་ཨ་ཧྥེ་རི་ཁ་ཤར་མའི་ས་ཁུལ་གྱི་ལྕགས་ལམ་གྱི་ཁ་ཞེང་ཚད་ལྡན་གྱི་གློག་ཤུགས་ཅན་གྱི་རྒྱལ་སྒྲོལ་ལྕགས་ལམ་ཐོག་མ་དེ་ཡིན་ལ། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡ་དང་ཅི་པོའུ་ཐི་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་རྣམ་གྲངས་ཨ་མ་དེ་ཡང་ཡིན། བསྐྲུན་རྗེས་ས་གནས་དེ་གའི་མི་ཐེངས་ཁྲི་5.5ལྷག་ཙམ་ལས་ཞུགས་ཐུབ་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་ལ་སྐུལ་འདེད་ཆེན་པོ་ཐེབས་རྒྱུ་མ་ཟད། ཨེ་ཙེ་ཨོ་ཕི་ཡ་དང་ཅི་པོའུ་ཐི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡང་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་རེད་ཅེས་བརྗོད་པ་རེད།

    “ཀྲུང་གོ་བས་རྒྱུན་དུ་ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་ན་དགའ་ཞེས་ཤོད་སྲོལ་ཡོད། ཡ་ཅི་ལྕགས་ལམ་ནི་དཔེ་མཚོན་ཡག་ཤོས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་དང་ཅི་པོའུ་ཐི་དང་མཉམ་ལས་བྱས་ཏེ་དེང་རབས་ཅན་གྱི་ལྕགས་ལམ་ཞིག་བསྐྲུན་པ་མ་ཟད། ལོ་དྲུག་རིང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོར་ས་གནས་དེ་གའི་ལས་མི་2800ལྷག་ཙམ་གསོ་སྦྱོང་དང་བདེན་དཔང་ར་སྤྲོད་བྱས་ནས། ས་གནས་དེ་གར་འཇོན་ཐང་ཆེ་བའི་ཚོགས་པ་ཞིག་འཛུགས་རོགས་བྱས་ཡོད”ཅེས་དབང་ཝུན་པིན་གྱིས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།