དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཕྱོགས་བརྒྱད་ཐད་ནས་གྲོན་བསྡུའི་གཞུང་ལམ་ལས་གཉེར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-17

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོ་དང་སང་ལོའི་ལོ་གཉིས་ནང་ཞབས་ཞུའི་ཁུལ་དུ་གློག་སྡོང་167གསར་དུ་བཙུགས་ནས་ནུས་རྒྱུ་གསར་པའི་ལྗིད་ཐེག་རླངས་འཁོར་ལ་གློག་གསོག་པ་དང་གློག་རྫས་བརྗེ་བའི་ལས་སྒོ་ཚོད་ལྟ་བྱེད་རྒྱུ་དང་། ལོ་3རིང་གྲོན་བསྡུའི་ས་ཚིགས་ཀྱི“མྱུར་བགྲོད་འབབ་ཚུགས”15རྒྱ་སྐྱེད་དང་། “ཁ་ལོ་བའི་ཁྱིམ་གཞིས”3གསར་དུ་འཛུགས་རྒྱུ། ལམ་ངོས་ཉམས་བཟོ་དང་སྔོན་འགོག་རང་བཞིན་གྱི་གཞུང་ལམ་བདག་སྐྱོང་ལས་གྲྭ་ལག་ལེན་བསྟར་རྒྱུ་སོགས་ཡིན་པ་རེད། ཟླ་5ཚེས་10ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་གྱིས“གྲོན་བསྡུའི་གཞུང་ལམ་ལས་གཉེར་ཞབས་ཞུ་མཐོར་གཏོང་གི་ལོ་གསུམ་བྱ་སྤྱོད(2024ལོ་ནས་2026ལོ་བར)”སྤེལ་འགོ་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོན་བསྡུའི་གཞུང་ལམ་ལས་གཉེར་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གྲོན་བསྡུའི་གཞུང་ལམ་ལས་གཉེར་ཞབས་ཞུ་མཐོར་གཏོང་གི་ལོ་གསུམ་བྱ་སྤྱོད་ནང་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་རིམ་སྤོར་དང་། གྲངས་འཛིན་རིག་ལྡན་ནུས་པའི་སྤུས་ཕན་མཐོར་གཏོང་། གཞུང་ལམ་ཤར་གཏོང་ལུགས་མཐུན་དང་གོ་རིམ་ལྡན་པ། ཤར་བགྲོད་ཞབས་ཞུ་སྤུས་ལེགས་དང་ཕན་ནུས་ལྡན་པ། ཞབས་ཞུ་ཁུལ་གྱི་བྱེད་ནུས་མཐོར་གཏོང་རིམ་སྤོར། གཞུང་ལམ་དྲ་བའི་བཀོད་གཏོང་མཐུན་སྦྱོར་དང་ཕན་ནུས་ཆེ་བ། འཕྲལ་སྡོམ་རོགས་སྐྱོབ་མྱུར་ཞིང་ཕན་ནུས་ལྡན་པ། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་ཞི་མཐུན་འཕེལ་རྒྱས་ཡོང་བ་བཅས་ཕྱོགས་བརྒྱད་ཐད་ཀྱི་བྱ་ཐབས་ཞིབ་ཕྲ་28ཚུད་ཡོད།

    མཚོ་སྔོན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པས“རིག་ལྡན་གཞུང་ལམ”བསྐྲུན་རྒྱུར་དམིགས་ཏེ། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཞིབ་འཇུག་བྱེད་མགྱོགས་སུ་དང་གྲངས་འཛིན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། མཚོ་སྔོན་པོའི་ཡུལ་སྐོར་གཞུང་ལམ་རིག་ལྡན(དུས་ཐེངས་དང་པོ)གྱི་ཞིབ་འཇུག་ལས་དོན(མཚོ་སྐོར་ཤར་ལམ་གྱི་ལམ་མདོ་ནས་ཨེར་ལང་ཅན་མཛེས་ལྗོངས་ཁུལ་གཙོ་གནད་ལམ་དུམ་དུ་བྱས་ནས་ཚད་གཞི་མཐོ་བའི་རིག་ལྡན་ཅན་བེད་སྤྱོད་རྒྱུ)གཙོ་གནད་དུ་ཡག་པོ་བསྒྲུབ་རྒྱུ། G6པེ་ཅིང་ནས་བོད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་མཱ་ཁྲང་ཡོན་ནས་ཚྭ་ཁ་བར་གྱི་རིག་ལྡན་མྱུར་བགྲོད་རྣམ་གྲངས་ལས་གྲྭའི་སྤྱོད་འཐུས་ཞིབ་འཇུག་གི་དུས་འགོའི་ལས་དོན་སྤེལ་འགོ་བཙུགས་ཏེ་རིག་ལྡན་གཞུང་ལམ་ལ་ལག་རྩལ་སྤྱོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། དེ་དང་ཆབས་ཅིག་ཆ་འཕྲིན་ལག་རྩལ་འཁོར་ལམ་གྱི་ཞབས་ཞུར་ཤུགས་ཆེན་སྤྱད་དེ། 2026ལོར་སླེབས་སྐབས། ཞིང་ཆེན་ཡོངས་ཀྱི་གྲོན་བསྡུའི་གཞུང་ལམ་འབབ་ཚུགས་ལ་རང་རྟེན་གྲོན་བསྡུའི་འཕྲུལ་མི་དང་རླངས་འཁོར་ཆེ་ཆུང་གསལ་འབྱེད་སྒྲིག་ཆས་རྒྱ་ཁྱབ་ངང་སྤྱད་དེ་ཞིང་ཆེན་དུ་ཉུང་མཐར་ཕྱི་བཀག་རྣམ་པའི་གྲོན་བསྡུའི་འབབ་ཚུགས་50%ལ་སྔོན་མངགས་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ། གཙོ་གནད་གྲོན་བསྡུའི་ས་ཚིགས(G6པེ་ཅིང་ནས་བོད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་མཱ་ཁྲང་ཡོན་ནས་ཚྭ་ཁ་བར་དང་། ཟི་ལིང་གི་ལྷོ་ཕྱོགས་གྲོན་བསྡུའི་ས་ཚིགས་ནས་བྱང་ཕྱོགས་གྲོན་བསྡུའི་ས་ཚིགས་བར)ཀྱི་ཐང་ཆེན་དུ“མྱུར་བགྲོད་འབབ་ཚུགས”བཟོས་ཏེ། ཁ་ལོ་བར་ངལ་གསོ་དང་། ལྟོ་སྣོན་རྒྱག་པ། ཆ་འཕྲིན་འདྲི་རྩད(མཛེས་ལྗོངས་ཁུལ་གྱི་ལམ་ཐིག་ཕྱོགས་སྟོན་ཚུད་པ) རླངས་འཁོར་གྱི་ཐོན་རྫས་ངོ་སྤྲོད། ETCསྒྲིག་སྦྱོར་དང་བཙོངས་རྗེས་ཀྱི་ཞབས་ཞུ་སོགས་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུ་རྒྱུ། ཞིང་ཆེན་ཡོངས་ཀྱི་གྲོན་བསྡུའི་གཞུང་ལམ་གྱི་འགོག་སེལ་རོགས་སྐྱོབ་ས་ཚིགས་ལུགས་མཐུན་ངང་བཀོད་སྒྲིག་གིས་ཉི་ཟླ་རི་བོའི་ཤར་རྒྱུད་ཀྱི་མཱ་ཁྲང་ཡོན་དང་། དུར་ལམ། མཚོ་ཤར་དང་མཚོ་ནུབ། མདོ་པ། སྟོང་འཁོར་བཅས་ལ་འགོག་སེལ་རོགས་སྐྱོབ་ས་ཚིགས་5བཙུགས་ཏེ། མི་སྣ་དང་འཕྲུལ་འཁོར་བཀོད་སྒྲིག་བཟང་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་ཤར་རྒྱུད་ས་ཁུལ་ལ་གཅིག་གོ་མང་ཆོད་ཀྱི་ཆེད་ལས་ཅན་གྱི་འགོག་སེལ་རོགས་སྐྱོབ་དཔུང་ཁག་བཙུགས་ནས། 2026ལོའི་ལོ་མཇུག་ཏུ་སླེབས་སྐབས་ཤར་རྒྱུད་ས་ཁུལ་དུ་མགྱོགས་མྱུར་འགོག་སེལ་ཤར་བགྲོད་ཐུབ་པའི་ཟི་ལིང་ཉེ་འཁོར་དུ་ཆུ་ཚོད་གཅིག་རིང་འཕྲལ་སྡོམ་རོགས་སྐྱོབ་བརྡ་ལན་ཐུབ་ཁུལ་བསྐྲུན་ཐུབ་པ་བྱ་རྒྱུ། ས་ཁུལ་གཞན་ལ“རང་རྟེན་རོགས་སྐྱོབ་དང་སྤྱི་ཚོགས་ཅན་གྱི་མཉམ་ལས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་འགོག་སེལ་རོགས་སྐྱོབ་མ་ལག་ཅིག་འཛུགས་རྒྱུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི“ཉི་འོད་རོགས་སྐྱོབ”བྱ་སྤྱོད་ཀྱི་བླང་བྱ་ལྟར་གྲོན་བསྡུའི་གཞུང་ལམ་གྱི་རང་རྟེན་འགོག་སེལ་རོགས་སྐྱོབ་རིམ་པས་ཞིང་ཆེན་ཡོངས་སུ་ཁྱབ་པ་བྱ་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།