རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་ཆེ་མོའི(ལྷོ་ནུབ་ཁུལ)བོད་རང་སྐྱོང་ལྗོངས་ཀྱི་འདེམས་སྒྲུག་འགྲན་བསྡུར་བྱས་པ།
ཟླ་5ཚེས་9ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་ཆེ་མོ(ལྷོ་ནུབ་ཁུལ)སྐབས་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་འདེམས་སྒྲུག་འགྲན་བསྡུར་འགོ་ཚུགས་ཡོད། འདེམས་སྒྲུག་འགྲན་བསྡུར་ལ་རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། གཉའ་ཐག མུ་ཏིག་སྤོ་ལོ་སོགས་རྣམ་གྲངས་བཞི་ཡོད་པ་དང་། འགྲན་བསྡུར་གྱི་དུས་ཡུན་ཉིན་12ཡིན་པ། ས་གནས(གྲོང་ཁྱེར)ཁག་དང་། ལྗོངས་ཐད་གཏོགས་ལས་ཁུངས། ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱི་ལུས་རྩལ་པ་500ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

འདི་ནི་ཟླ་5ཚེས་15ཉིན། བོད་ལྗོངས་ཆབ་མདོའི་རུ་ཁག་གི་སྤོ་ལོ་རྒྱག་མཁན་ཆོས་དབང(གཡོན)གིས་འགྲན་བསྡུར་རིང་སྤོ་ལོ་འཕྲོག་བཞིན་པ།

ཟླ་5ཚེས་14ཉིན། མུ་ཏིག་སྤོ་ལོའི་འདེམས་སྒྲུག་འགྲན་བསྡུར་ལྷ་སར་བྱས་ཤིང་། འདི་ནི་བོད་ལྗོངས་ནག་ཆུ་རུ་ཁག་གི་རུ་མི་བློ་བཟང་ལྷུན་གྲུབ(མདུན)ཀྱིས་འགྲན་བསྡུར་བྱེད་བཞིན་པ།