སྣ་དཀར་རྩེ་རྫོང་གིས“གཞི་རིམ་གྱི་ཕུལ་བྱུང་སྒྲོག་འགྲེལ་པ”བདམས་པ།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་དམངས་ཕན་སྲིད་ཇུས་ཁྱབ་གདལ་གཏིང་ཟབ་གཏོང་བར་སྐུལ་འདེད་བཏང་ནས། གཞི་རིམ་གྱི་དགོས་མཁོ་དངོས་དང་འཚམ་པ་དང་མང་ཚོགས་ཀྱིས་དང་ལེན་ཐུབ་པའི་སྒྲོག་འགྲེལ་བྱེད་སྟངས་འཚོལ་ཞིབ་བྱ་ཆེད། ཉིན་ཤས་གོང་སྣ་དཀར་རྩེ་རྫོང་གིས“གཞི་རིམ་གྱི་ཕུལ་བྱུང་སྒྲོག་འགྲེལ་པའི”གདམ་གསེས་འགྲན་བསྡུར་ཆེ་མོ་སྤེལ་ཏེ་གཞི་རིམ་གྱི་སྒྲོག་འགྲེལ་པའི་སྒྲོག་འགྲེལ་ནུས་པར་ཞིབ་དཔྱད་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེར་དཀྱུས་མའི་ཁྱིམ་དུ་དེ་བས་ལེགས་པའི་ངང་ཁྱབ་པར་སྐུལ་འདེད་བཏང་ཡོད།
རྫོང་ཡོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པ་10ཡིས་འགྲན་བསྡུར་མ་བྱས་གོང་རྒྱན་འཐེན་པའི་གོ་རིམ་ལྟར་རིམ་པ་བཞིན་སྒྲོག་འགྲེལ་བྱས་ནས་དུས་རབས་གསར་པའི་སྣ་དཀར་རྩེའི་གཏམ་རྒྱུད་བརྗོད་ཡོད། སྒྲོག་འགྲེལ་བྱེད་རིང་སྒྲོག་འགྲེལ་པ་འགའ་རེས་མ་རྩོམ་དང་མ་ཡིག་དང་། ལོ་རྒྱུས་ལུང་འདྲེན་མཁས་པ་དང་། འགའ་རེས་གོ་བདེ་ཤེས་སླའི་ཚིག་དང་ཉེ་འགྲམ་གྱི་དཔེ་མཚོན་སྤྱད་པ། འགའ་རེས་རང་ཉིད་ཀྱི་མྱོང་ཚོར་དང་ཟུང་འབྲེལ་བྱེད་པ་སོགས་ཕུན་སུམ་ཚོགས་པའི་དཔེ་མཚོན་དང་སྒྲོག་འགྲེལ་གྱི་ནང་དོན་ལས་དེ་གར་ཡོད་པའི་དཔྱད་འདེམས་པ་དང་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད། འགྲན་བསྡུར་དྲག་པོ་བྱས་པ་དང་དཔྱད་འདེམས་པས་ས་གནས་ས་ཐོག་ཏུ་སྐར་མ་རྒྱག་པ་དང་ཨང་རིམ་བསྒྲིགས་མཐར་བྱ་དགའ་རིམ་པ་དང་པོ་2དང་། བྱ་དགའ་རིམ་པ་གཉིས་པ་2 བྱ་དགའ་རིམ་པ་གསུམ་པ་3བཅས་ཐོན་ཡོད་པ་རེད།