དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་སྐྱོར་བརྩེ་སེམས་ཟབ། ཕྱུག་འགྱུར་ལམ་བུ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-17

    དཔྱིད་ཟླ་བཞི་པར། མེ་ཏོག་ཏུ་ཇ་ལོའི་དྲི་ངད་ཡོངས་སུ་འཐུལ། “ད་ལོ་མེ་ཏོག་གི་ཇ་ལོ་སྐྱེ་འཚར་ཅུང་བཟང་བ་དང་ཚོང་པས་ཉོ་སྒྲུབ་བྱེད་པའི་རིན་གོང་ཡང་ཅུང་མཐོ་བས། ཇ་འདེབས་ཞིང་པ་དུད་ཚང་རེར་སྒོར་ཉིས་སྟོང་གསུམ་སྟོང་འཕར་རྒྱུ་ཉག་ཅིག་རེད”ཅེས་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ཚན་རྩལ་པ་མའོ་ཅོན་གྱིས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་ཇ་ལོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྐྱེ་ཁམས་ལེགས་ཆ་དཔལ་འབྱོར་ལེགས་ཆར་བསྒྱུར་ནས་མེ་ཏོག་གི་མི་དམངས་ཡོངས་ལ་རི་མཐོའི་སྐྱེ་ལྡན་ཇ་ལོ་ལས་བྱུང་བའི་ལྗང་མདོག་གི་ཁེ་སྤོགས་ཐོབ་པར་བྱས་ཡོད།

    2015ལོར་ཇ་ལོ་ཐོག་མར་བཏུས་པ་ནས་2023ལོའི་ལོ་མཇུག་བར། རྫོང་ཡོངས་སུ་རིམ་རྩིས་བྱས་ན་ཇ་ལོ་སོས་པ་རྒྱ་མ་ཁྲི་185.45བཏུས་པ་ལས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་4137.76བྱུང་ཡོད་པ་རེད།

    མེ་ཏོག་གི་ཇ་ལོའི་ཐོན་ལས་འཕེལ་རྒྱས་ཡག་པོ་ཕྱིན་པ་དེ་བོད་སྐྱོར་སྟོབས་ཤུགས་ཀྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད།

    2012ལོར། ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཧྥུའུ་ཅན་ནས་ཇ་སོན་ནང་འདྲེན་བྱས་ཏེ་གཞི་ཁྱོན་ཆུང་བའི་ཚོད་འདེབས་་བྱེད་འགོ་ཚུགས་པ་ནས་མེ་ཏོག་གི་ཇ་ལོའི་ཐོན་ལས་འཕེལ་རྒྱས་གཏོང་འགོ་ཚུགས་ཡོད། ད་ཆ་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་མེ་ཏོག་རྫོང(ཧྥོ་ཧྲན)ལས་དོན་ཚོགས་ཆུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག ཇ་ལོ་དེ་ཉིད་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ནོར་བུར་གྱུར་ཡོད།

    ཧྥོ་ཧྲན་གྱིས་མེ་ཏོག་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འབོད་སྐུལ་འོག མེ་ཏོག་ཧྲེ་པོ་ཇ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཁྲེན་ཁྲའོ་2021ལོར་མེ་ཏོག་ཏུ་ཡོང་ནས་ཇ་ལོ་དང་ཞིང་ལས་ཐོན་རྫས་གཞན་དག་ལས་སྣོན་ཞིབ་ཚགས་དང་ཕྱིར་ཚོང་གི་ལས་ཀར་གཞོལ་འགོ་ཚུགས། ད་ལོ་ཀུང་སིའི་ཇ་ལོའི་ཐོན་རྫས་རྒྱ་མ་ཁྲི་60ལས་བརྒལ་རྒྱུ་དང་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་5000ལས་བརྒལ་ནས་སྔོན་དཔག་བྱས་ན་འབྲས་སྤུངས་ཤང་གི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་600ཡོང་བར་སྐུལ་ཁྲིད་བྱེད་ཐུབ།

    སྐྱེ་ཁམས་ཁོར་ཡུག་ལེགས་པ་དང་ཧྥོ་ཧྲན་གྱི་བོད་སྐྱོར་སྟོབས་ཤུགས་ཡོད་པར་བརྟེན། མེ་ཏོག་རྫོང་གི་ཇ་ལོའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། མིག་སྔའི་བར། རྫོང་ཡོངས་སུ་ཇ་ལོའི་ཁེ་ལས་6གདན་ཞུ་བྱས་པ་དང་། རི་མཐོའི་སྐྱེ་ལྡན་ཇ་ཞིང་ར་བ་103བསྐྲུན་པར་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་1.9ཟིན་པ་དེ་མེ་ཏོག་གྲོང་རྡལ་དང་། བདེ་ཞིང་ཤང་། འབྲས་སྤུངས་ཤང་། སྟག་མོ་ལྷོ་པ་མི་རིགས་ཤང་། སྤང་ཞིང་ཤང་། དགུ་ཐང་ཤང་བཅས་ཤང་དང་གྲོང་རྡལ་6གི་གྲོང་ཚོ་39ལ་ཁྱབ་པ་དང་། མང་ཚོགས་དུད་ཚང་2000ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།

    དགྱེ་གླིང་གྲོང་ཚོ་དང་བར་ཐག་སྤྱི་ལེ་40ཡོད་པའི་མེ་ཏོག་ཧྲེ་པོ་ལྟེ་གནས་ཚོང་ཁང་དུ་དགྱེ་གླིང་གྲོང་ཚོ་ནས་ཡོང་བའི་ཉོ་སྒྲུབ་སྣེ་ཤན་པས་ཐོན་རྫས་ཉོ་མཁན་ཡུལ་སྐོར་བར་ཐོན་རྫས་ངོ་སྤྲོད་བྱས། ཁྲེན་ཁྲའོ་ཡིས“ང་ཚོས་གྲོང་མི་རྣམས་ཇ་ལོ་འདེབས་པ་དང་། འཐུ་བ། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ནང་ཞུགས་པར་རམ་འདེགས་བྱེད་ཀྱི་ཡོད། ཀུང་སིས་གྲོང་ཚོའི་མཉམ་སྡེབ་དང་ཞིང་དུད་མ་རྐང་ནང་ཞུགས་པའི་གཉེར་སྐྱོང་བྱེད་ཐབས་བཟོས་ནས་དགྱེ་གླིང་གྲོང་ཚོ་དང་མཉམ་ལས་ཀྱིས་ཇ་ལོའི་སྤུས་རྟགས“དགྱེ་གླིང་1721”ཞེས་པ་བཏོད་དེ། ཇ་ལོ་ལས་སྣོན་ཆེ་མོ་བ་དང་ཕྱིར་ཚོང་མཁས་པ་གསོ་སྐྱོང་བྱེད་རོགས་བྱས་ནས། གྲོང་མིའི་རང་བརྟེན་ནུས་པ་ཆེ་རུ་གཏོང་གི་ཡོད། གནས་འདི་གར་སྔར་བས་གཞི་ཡག་པོ་འཛུགས་ཆེད། མེ་ཏོག་ཧྲེ་པོ་ཇ་ལས་ཀུང་སིས་ད་དུང་ཁེ་སྤོགས་བགོ་བའི་ཇུས་གཞི་བཏོན་ནས“དགྱེ་གླིང་1721”སྤུས་རྟགས་ལ་ཐོབ་པའི་ཁེ་སྤོགས་ཕྱེད་ཀ་དགྱེ་གླིང་གྲོང་ཚོར་བགོ་གི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    མེ་ཏོག་ཏུ་བཅའ་སྡོད་བྱས་ཚུན། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་མེ་ཏོག་རྫོང(ཧྥོ་ཧྲན)ལས་དོན་ཚོགས་ཆུང་གིས་ཐོག་མཐའ་བར་གསུམ་དུ་ཐོན་ལས་དར་རྒྱས་ལ་དོ་ཁུར་བྱས་ནས། “ཇ་ལོའི་ཐོན་ལས་+”མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ཇུས་བཀོད་དང་ལག་ལེན་བསྟར་ཏེ། ཇ་ལོ་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་དགེ་མཚན་ལྡན་པའི་འཚོལ་ཞིབ་བྱས་ཡོད། དགྱེ་གླིང་གྲོང་ཚོས་སྲོལ་རྒྱུན་གྱི་ཐོན་སྐྱེད་ཇ་ཞིང་ར་བ་མྱོང་རོལ་ཇ་ཞིང་ར་བར་རིམ་སྤོར་བྱས་ནས། གྲོང་མིས་དམངས་སྲོལ་གནས་ཚང་གཉེར་བར་ཁྲིད་སྟོན་བྱས་པར། ཡུལ་སྐོར་བས་ཇ་ཞིང་ར་བར་མྱོང་རོལ་དང་། ཇ་ལོ་འཐུ་བ་དང་། ཇ་ལོ་ལས་སྣོན། ཇ་ལོའི་བྲོ་བ་ལྟ་བ་བཅས་ཀྱི་སྤྲོ་སྣང་མྱོང་ཐུབ་པས། “ཁེ་ལས་དང་། གྲོང་ཚོའི་མཉམ་སྡེབ། ཞིང་དུད་བཅས་ཟུང་འབྲེལ”གྱི་ཇ་ལོའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཤིག་རིམ་བཞིན་ཆགས་པ་རེད། 2023ལོར། དགྱེ་གླིང་གྲོང་ཚོར་ཇ་ལོ་སོས་པའི་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་བྱུང་བ་དང་། ནགས་གསེབ་འདེབས་འཛུགས་ཐོན་རྫས་ཕྱིར་ཚོང་སྒོར་ཁྲི་43ལྷག་ཙམ་བྱས་པ། ཞག་སྡོད་བཟའ་བཏུང་ལས་འབབ་འཕར་སྒོར་ཁྲི་102བྱུང་བ་རེད།

    བོད་སྐྱོར་བྱས་ནས་ལོ་30སོང་རིང་། བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་ས་མཐོར“དགྱེ་གླིང་གྲོང་ཚོ”ལྟ་བུའི་འཛུགས་སྐྲུན་གཏམ་རྒྱུད་བརྩམས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕྱུག་འགྱུར་ལམ་བུ་ཡངས་པོ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།