དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་བྱེད་སྒོ་འཁྱགས་གླིང་དུ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-16

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རེ་ཁ་ཅ་ཝི་ཁེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འཁྱགས་གླིང་གི་འོས་སྦྱོར་བཞུགས་མོལ་ཚོགས་འདུ་འཁྱགས་གླིང་གི་རྒྱལ་ས་རེ་ཁ་ཅ་ཝི་ཁེར་འཚོགས་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་འཁྱགས་གླིང་ཕྱིར་གཏོང་མ་འཇོག་སྐུལ་སྤེལ་ཅུས་དང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་དབར་མཉམ་ལས་ཀྱི་བརྗེད་ཐོར་མིང་རྟགས་བཀོད་པ་རེད།

    འཁྱགས་གླིང་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་དང་ཚོང་དོན་ཚན་ཙན་གྱི་འགན་འཁུར་མཁན་ཏའེ་ཁེས་ཚོགས་འདུའི་ཐོག་ཤིས་ཚིག་བསྒྲོན་ནས། ཀྲུང་གོ་ནི་ཨེ་ཤེ་ཡར་ཡོད་པའི་འཁྱགས་གླིང་གི་ཚོང་དོན་རོགས་ཟླ་ཆེ་ཤོས་ཤིག་ཡིན་པ་དང་། ནུས་རྒྱུ་གཙང་མ་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། འཁྱགས་གླིང་གི་ཁེ་ལས་ཀྱིས་དངོས་མང་སྟོན་ཚོགས་ལ་ཞུགས་པའི་གོ་སྐབས་དང་བསྟུན་ནས། ཀྲུང་གོ་དང་ཚོང་དོན་འགྲོ་འོང་སྔར་བས་རྒྱ་ཆེར་གཏོང་བ་དང་འབྲེལ་དེའི་ཁྲོད་ནས་ཕན་པ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འཁྱགས་གླིང་ཕྱིར་གཏོང་མ་འཇོག་སྐུལ་སྤེལ་ཅུས་ཀྱི་རྣམ་གྲངས་ཅིང་ལི་ཁེ་ལི་སི་ཐིང·པི་གཡོད་ཨེན་སུང་གིས། འཁྱགས་གླིང་ཕྱིར་གཏོང་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་2019ལོ་ནས་བཟུང་། འཁྱགས་གླིང་གི་ཁེ་ལས་སྒྲིག་འཛུགས་བྱས་ནས་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་པ་དང་ཀུང་སི་མང་པོ་ཞིག་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་བྱུང་ཞེས་ཤོད་ཀྱི་འདུག ཀྲུང་གོའི་ཁྲོམ་ར་ཧ་ཅང་ཆེ་ལ་ཡིད་དབང་འགུག་ཤུགས་ཆེ་བས་འཁྱགས་གླིང་གི་ཁེ་ལས་དེ་བས་མང་བས་དངོས་མང་སྟོན་ཚོགས་ལ་ཞུགས་འདོད་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།