དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་དང་མེས་རྒྱལ་དབར་གནའ་སྔ་མོ་ནས་བཟུང་ཤ་རུས་ལྟ་བུའི་འབྲེལ་བ་ཆགས་ཡོད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཏེ་ཁྲེང་།   |     སྤེལ་དུས།  2024-05-16

    ཉེ་བའི་ལོ་ཤས་རིང་། ས་ཁོངས་ཕྱིའི་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་བོད་ཀྱི་ལོ་རྒྱུས་གནད་དོན་ཟེར་བ་འུད་སྒྲོག་བྱས་ཏེ། བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་མངོན་སུམ་འཛེམས་མེད་ངང་ཁས་མི་ལེན་པ་དང་ཀྲུང་གོ་ཁ་ཕྲལ་དུ་གཏོང་བའི་ཆེད་དུ“ཁྲིམས་གཞི”ཟེར་བའི་གཞི་འཛིན་ས་ཞིག་ཆ་བསྡུ་ཡ་བསྡུ་བྱེད་ཀྱི་ཡོད་པ་རེད། ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ལ་ལས་ཀྱང་དེའི་ཐད་འུད་སྒྲོག་བྱས་ནས་དོན་རྐྱེན་སློང་བའི་ལྐོག་གཡོ་གཤོམ་གྱི་ཡོད། བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ནི་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་དང་བོད་ས་གནས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱིས་ར་སྤྲོད་བྱས་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཀྲུང་ཧྭའི་མི་རིགས་ཁག་དབར་ཤ་རུས་ལྟ་བུའི་འབྲེལ་བ་ཡོད་པའི་ཕྱི་རོལ་ཡུལ་གྱི་དོན་དངོས་ཀྱིས་ཀྱང་ར་སྤྲོད་བྱས་ཡོད།

    ས་བབ་ཀྱི་འབྲེལ་ཐག་ལས་བོད་ས་གནས་དང་མེས་རྒྱལ་གྱི་ས་གཞི་ཆེ་མོའི་དབར་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་ཆགས་ཤིང་། བོད་མཐོ་སྒང་ནི་བསྐལ་བ་ཡ་ཐོག་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་སྐྱེ་འཕེལ་དང་འཚོ་སྡོད་བྱ་ཡུལ་གལ་ཆེན་ཞིག་རེད། རྡོ་ཆས་རྙིང་པའི་དུས་སྐབས་སུ་ཧི་མ་ལ་ཡའི་རི་རྒྱུད་བོད་ལྗོངས་ས་མཐོ་དང་ཨེ་ཤེ་ཡ་ལྷོ་མའི་དབར་གྱི་ས་ཁམས་ཀྱི་སྲུང་བཅད་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། བོད་ལྗོངས་ས་མཐོ་དང་ཨེ་ཤེ་ཡ་ལྷོ་མའི་དབར་གྱི་མི་རིགས་དང་རིག་གནས་ཀྱི་སྲུང་བཅད་ཆེན་པོ་ཞིག་ཏུའང་གྱུར་ནས་ཕྱི་ཕྱོགས་དང་འགྲོ་འོང་བྱེད་པར་འགོག་རྐྱེན་བཟོས་པ་དང་ཆབས་ཅིག བོད་ལྗོངས་ས་མཐོའི་ཤར་རྒྱུད་དང་བྱང་རྒྱུད་ནས་མེས་རྒྱལ་གྱི་ས་ཁུལ་གཞན་དག་དབར་གྱི་མི་རིགས་འགྲོ་འོང་མཉམ་འདྲེས་དང་། རིག་གནས་སྤེལ་རེས་མཉམ་འདྲེས་དེ་བས་ཟབ་ཏུ་ཕྱིན་ནས་ཤ་རུས་གཅིག་ཏུ་འདྲེས་པ་ལྟར་གྱི་ས་བབ་ཀྱི་འབྲེལ་ཐག་ཆགས་ཡོད། རང་བྱུང་གི་ས་བབ་འབྲེལ་ཐག་དེ་རིགས་ལས་བོད་ཀྱི་མི་དམངས་ནི་གནའ་སྔ་མོ་ནས་བཟུང་བློ་ཁ་མེས་རྒྱལ་ལ་ཕྱོགས་པ་དང་མེས་རྒྱལ་གྱི་ས་ཁུལ་གཞན་དག་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་ཏེ་ཁ་འབྲལ་དུ་མི་རུང་བའི་ཐུན་མོང་གི་ཁྱིམ་གཞིས་ཆགས་པ་གཏན་འཁེལ་བྱུང་ཡོད།

    ས་བབ་འབྲེལ་ཐག་གི་ནུས་པ་དེ་རིགས་ལས་གནའ་སྔ་མོ་ནས་བཟུང་བོད་ནི་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭའི་ས་གཞི་ཆེ་མོ་དང་གཞི་གཅིག་ཏུ་སྦྲེལ་ཞིང་། སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་མངའ་ཁོངས་སུ་གནས་པ་དང་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཆ་ཤས་ཤིག་རེད། བོད་ཀྱི་མི་དམངས་དང་ཀྲུང་ཧྭའི་མི་རིགས་ཁག་གིས་མཉམ་དུ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་གསར་སྤེལ་དང་། འཛུགས་སྐྲུན། སྲུང་སྐྱོབ་བཅས་བྱེད་པར་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད།

    ཁྲག་རྒྱུན་གྱི་འབྲེལ་ཐག་ལས་བོད་ཀྱི་མི་དམངས་དང་ཀྲུང་ཧྭའི་མི་རིགས་ཁག་མཉམ་གསོན་མཉམ་གནས་བྱུང་ཞིང་། ལོ་རྒྱུས་ཐོག་བོད་རིགས་དང་རྒྱ་རིགས་ཀྱི་མེས་པོ་རྣམས་རྨ་ཆུའི་དབུས་སྟོད་རྒྱུད་ཀྱི་ས་ཁུལ་དུ་སྐྱེ་འཕེལ་དང་ཕན་ཚུན་མཉམ་འདྲེས་བྱེད་རིང་ཐོག་མཐའ་བར་གསུམ་དུ་ཁྲག་རྒྱུན་གྱི་འབྲེལ་བ་ཟབ་མོའི་རྒྱུན་བསྐྱངས་པའི་ཐོག་ནས་ཁྲག་རྒྱུན་དེད་ན་རྒྱ་བོད་འབྱུང་ཁུངས་གཅིག་ཡིན་པ་དང་། དེ་བཞིན་བོད་རིགས་ནི་ཀྲུང་ཧྭའི་མི་རིགས་ཁག་གི་ཁྲག་རྒྱུན་མཉམ་འདྲེས་ཀྱི་འབྲས་བུ་དང་རྒྱ་བོད་སོགས་ཀྲུང་ཧྭ་མི་རིགས་ནི་གནའ་སྔ་མོ་ནས་ཁྱིམ་ཚང་གཅིག་ཡིན་པ་གང་ལེགས་མཚོན་ཡོད།

    མི་ཚོགས་ཀྱི་རྒྱུད་པ་དང་སྐད་ཁུངས་ཀྱི་ཞིབ་འཇུག་ལས་དེང་གི་རྒྱ་བོད་སོགས་ཀྲུང་ཧྭ་མི་རིགས་ནི་འབྱུང་ཁུངས་གཅིག་པའི་མི་རིགས་ཡིན་པ་ར་འཕྲོད་བྱུང་ཞིང་། ཁྲག་རྒྱུན་གྱི་འབྲེལ་ཐག་ལས་བོད་ཀྱི་མི་དམངས་དང་ཀྲུང་ཧྭའི་མི་རིགས་ཁག་ཤ་ཁྲག་འདྲེས་པར་བརྟེན་བོད་ཀྱི་མི་དམངས་ནི་གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཁ་འབྲལ་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པ་གཏན་འཁེལ་བྱུང་ཡོད།

    ཆབ་སྲིད་ཀྱི་འབྲེལ་ཐག་ལས་བོད་ཀྱི་མི་དམངས་དང་ཀྲུང་ཧྭའི་མི་རིགས་ཁག་ཆབ་སྲིད་ཀྱི་གོང་བུ་གཅིག་ཏུ་གྱུར་ཞིང་། བོད་ཀྱི་བདག་དབང་ཀྲུང་གོར་གཏོགས་པ་ནི་ལོ་རྒྱུས་ཀྱི་བདེན་དོན་ཞིག་རེད། དེ་སྔ་རྒྱལ་རབས་གང་ཞིག་དང་མི་རིགས་སྲིད་དབང་གང་ཞིག་གི་དབང་སྒྱུར་དོ་དམ་འོག་ཏུ་གནས་ཀྱང་། བོད་ས་གནས་ནི་གནའ་སྔ་མོ་ནས་བཟུང་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་སྲིད་དབང་གཞན་དག་དང་ཆབ་སྲིད་ཀྱི་འབྲེལ་བ་ཡོད་ལ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཀྱང་ཡིན།

    ལོ་རྒྱུས་ཐོག་གཅིག་གྱུར་ཆེ་མོའི་ཆབ་སྲིད་ཀྱི་རྣམ་པ་དང་ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་ཀྱི་དུས་བབ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་དོན་གཉེར་བྱ་ཡུལ་ཞིག་ཡིན། བོད་ས་གནས་ཀྱི་ལོ་རྒྱུས་དུས་སྐབས་མི་འདྲ་བའི་ས་གནས་ཀྱི་སྲིད་དབང་ཁག་གིས་ལྷན་འཛོམས་མནའ་བཞག་དང་། མནའ་འབྲེལ་དུ་ཞུགས་པ། མནའ་འབྲེལ། འབུལ་སྤྲོད་སོགས་ཀྱི་རྣམ་པར་བརྟེན་ནས་མེས་རྒྱལ་གྱི་ས་གནས་གཞན་གྱི་སྲིད་དབང་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པས་ཆབ་སྲིད་ཐད་མཐུན་སྒྲིལ་མཛའ་གྲོགས་ཀྱི་མཛའ་མཐུན་འབྲེལ་བ་ཆགས་པ་དང་། དཔལ་འབྱོར་དང་རིག་གནས་ཐད་འབྲེལ་བ་དམ་ཟབ་བཙུགས་ཏེ་མཐར་གཅིག་གྱུར་གྱི་རྒྱལ་ཁབ་ཀྱི་སྲིད་དབང་འཛུགས་པར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

    1951ལོའི་ཟླ་5ཚེས་23ཉིན《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》བཞག་པ་ནས་བཟུང་། བོད་ཀྱི་མི་དམངས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ནམ་ཡང་ཐར་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་འདྲ་མཉམ་དང་མཛའ་གྲོགས་མཉམ་ལས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་བསྐྱོད་ཡོད།

    དཔལ་འབྱོར་གྱི་འབྲེལ་ཐག་ལས་བོད་ཀྱི་མི་དམངས་དང་ཀྲུང་ཧྭའི་མི་རིགས་ཁག་ཕན་ཚུན་གཅིག་ལ་གཅིག་བལྟོས་དང་ཁ་འབྲལ་ཐབས་མེད་པར་གྱུར་ཞིང་། ལོ་རྒྱུས་ཐོག་བོད་ལྗོངས་ས་མཐོར་འབྲོག་ལས་གཙོ་བོར་གཉེར་བ་དང་། ཀྲུང་ཡོན་ས་ཁུལ་དུ་ཞིང་ལས་གཙོ་བོར་གཉེར་གྱི་ཡོད་པས་དཔལ་འབྱོར་གྱི་རིགས་མི་འདྲ་བ་ཆགས་ཀྱང་དཔལ་འབྱོར་ཚོང་དོན་ཐད་འགྲོ་འོང་གི་རྒྱུན་མི་ཆད་པ་དང་། དཔལ་འབྱོར་ཐད་ཕན་ཚུན་གཅིག་ལ་གཅིག་བལྟོས་དང་། ཕན་ཚུན་གསབ་རེས། ཕན་ཚུན་རྟེན་པ། གཅིག་རམ་གཅིག་འདེགས་བཅས་བྱེད་བཞིན་ཡོད། ཐང་བོད་གནའ་ལམ་དང་། དར་གོས་ལམ་བུ། ཇ་རྟའི་ཚོང་ལམ། ཅིང་བོད་གནའ་ལམ་སོགས་ལས་བོད་ཀྱི་མི་དམངས་དང་ཀྲུང་ཧྭའི་མི་རིགས་ཁག་འབྲེལ་འདྲེས་དམ་ཟབ་བྱུང་ཡོད།

    རིག་གནས་ཀྱི་འབྲེལ་ཐག་ལས་བོད་ཀྱི་རིག་གནས་དང་ཀྲུང་ཧྭའི་རིག་གནས་གཞི་གཅིག་ཏུ་འདྲེས་ཤིང་། བོད་ཀྱི་རིག་གནས་དང་ཀྲུང་ཧྭའི་རིག་གནས་ཀྱི་འབྱུང་ཁུངས་གཅིག་པ་ཡིན་ལ་འཕེལ་རྒྱས་ཀྱང་མཉམ་དུ་འགྲོ་བཞིན་ཡོད། གཅིག་གྱུར་ཆེ་མོའི་ཐུན་མོང་གི་བསམ་པའི་རིག་གནས་ཀྱི་འབྲེལ་ཐག་ལས་བོད་ས་གནས་དང་མེས་རྒྱལ་གྱི་ས་ཁུལ་གཞན་དག་དབར་གྱི་རིག་གནས་འབྱུང་ཁུངས་གཅིག་མཐུན་མཉམ་གནས་ཡིན་པའི་འབྲེལ་བ་ཆུ་མོའི་རྒྱུན་བཞིན་བར་མཚམས་ཆད་མྱོང་མེད།

    གོང་གསལ་ལྟར་ན། ས་བབ་ཀྱི་འབྲེལ་ཐག་དང་། ཁྲག་རྒྱུན་གྱི་འབྲེལ་ཐག ཆབ་སྲིད་ཀྱི་འབྲེལ་ཐག དཔལ་འབྱོར་གྱི་འབྲེལ་ཐག རིག་གནས་ཀྱི་འབྲེལ་ཐག་བཅས་ལས་འབྲེལ་བ་དམ་ཟབ་དང་མཐུན་སྦྱོར་གྱི་ནུས་པ་ཐོན་ནས་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་སྤྱི་ཡོངས་ལ་ཁྱབ་པ་དེ་ཐོག་ནས། བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་དང་ཤ་རུས་ལྟ་བུའི་འབྲེལ་བ་ཡོད་པ་དང་། བོད་དང་མེས་རྒྱལ་དབར་གནའ་སྔ་མོ་ནས་གཞི་གཅིག་ཏུ་འདྲེས་པ། བོད་རིགས་དང་ཀྲུང་ཧྭའི་མི་རིགས་ཁག་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཐུབ་པ། བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་བཅས་གཏན་འཁེལ་བྱས་ཡོད། ཆོད་སྡོམ་དེ་རིགས་ལ་རིག་གཞུང་གི་གཞི་འཛིན་ས་བཙན་པོ་ཡོད་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་ཡང་བཙན་པོ་ཡོད་པས་དེ་ནི་ཁས་མི་ལེན་ཀ་མེད་ཀྱི་ཕྱི་རོལ་ཡུལ་དང་མཐུན་པའི་དོན་དངོས་ཤིག་རེད།

    (རྩོམ་པ་པོ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་དང་ཞིབ་འཇུག་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།