དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཁེ་ལས་3གྱི་ཐོན་རྫས་6རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་མཚོན་རྟགས་བེད་སྤྱོད་དཔེ་མཚོན་ནང་བདམས་ཐོན་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-16

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀྲུང་གོ་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་2023ལོའི་ལྗང་མདོག་བཟའ་བཅའི་མཚོན་རྟགས་བེད་སྤྱོད་དཔེ་མཚོན་འདེམས་སྒྲུག་བྱས་འབྲས་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ནོ་མུའུ་ཧུང་ཞིང་ནགས་ཐོན་ལས་ཚད་ཡོད་ཀུང་སི་དང་། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཆུས་ལེ་ལེ་ཁྱིམ་ཚང་ཞིང་འབྲོག་ར་བ། མཚོ་སྔོན་རུའེ་ཧུའུ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་བཅས་ཁེ་ལས་3གྱི་ཐོན་རྫས་6བདམས་ཐོན་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱ་རྒྱུ་གཞི་རྟེན་དུ་བྱས་པ་དང་། “སྤུས་ཚད་མཐོ་རུ་གཏོང་བ་དང་། གྲངས་འབོར་བརྟན་དུ་གཏོང་བ། འབྲེལ་ཐག་གསབ་རེས་བྱེད་པ། ཕྱིར་གཏོང་བྱེད་ཚད་མང་དུ་གཏོང་བ”བཅས་ཐབས་ལམ་དུ་བྱས་པ། སྣ་ཁ་འཛོམས་སུ་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། སྤུས་རྟགས་གཏོད་པ་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་ལ་དམིགས་ཏེ། ཞིང་འབྲོག་ལས་རིགས་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་སྒྱུར་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་ལས་ལེགས་སུ་དང་སྟོབས་ཆེར་གཏོང་བ། ལྗང་མདོག་སྐྱེ་ལྡན་ས་ཁམས་མཚོན་རྟགས་ཀྱི་ཞིང་འབྲོག་ཐོན་རྫས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་བཟའ་བཅའི་མཚོན་རྟགས་བེད་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་བཟའ་བཅའི་སྤུས་རྟགས་ཀྱི་གཟུགས་བརྙན་ལེགས་སུ་ནུས་ལྡན་བཏང་ཡོད།

    2023ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་སུ་ལག་ཁྱེར་ཡོད་པ་མ་ཟད། ལྗང་མདོག་བཟའ་བཅའི་མཚོན་རྟགས་སྤྱོད་དབང་བེད་སྤྱོད་ནུས་ལྡན་བྱས་པའི་ཐོན་སྐྱེད་ཁེ་ལས(མཉམ་ལས་ཁང་ཚུད་པ)144ཡོད་ཅིང་། ཐོན་རྫས་གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཡིན་པ་དཔེར་ན། ཚགས་ཤ་དང་། ལུག་ཤ། སྔོ་ཚལ(ཀྭ་རིགས་དང་ཤིང་ཏོག་རིགས་ཚུད་པ)འདྲེ་ཚེར་མ། བཟའ་ཚྭ། རྩི་ཤིང་གི་སྣུམ། ཆུའི་ཐོན་རྫས། སྦྲང་རྩིའི་ཐོན་རྫས། པད་ཁའི་སྣུམ། ཞོག་ཁོག ནས་སོགས་དམའ་རིམ་ཐོན་རྫས་དང་ལས་སྣོན་ཐོན་རྫས་ཁྱོན་690ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།