མཚོ་སྔོན་ཡུལ་ཤུལ་གྱི་གླུ་གར་པེ་ཅིང་དུ་འཁྲབ་སྟོན་བྱས་པ།
འདི་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཞིང་འབྲོག་པས《ས་མཐོའི་ཞབས་བྲོ》འཁྲབ་སྟོན་བྱེད་བཞིན་པ། ཟླ་5ཚེས་13ཉིན་གྱི་དགོང་མོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནས་ཡོང་བའི་བབ་ཆགས་པའི་ཞིང་འབྲོག་པའི་འཁྲབ་སྟོན་པ་30ཡིས་པེ་ཅིང་གྲོང་ཁྱེར་གཞོན་ནུའི་ཕོ་བྲང་དུ་རྒྱལ་སའི་མི་དམངས་ལ་ཞབས་བྲོ་དང་། མཉམ་གཞས། ཟློས་གར་ཐུང་གྲས་སོགས་ངོ་མཚར་ཆེ་བའི་ལེ་ཚན་10ཕུལ་བ་རེད། འཁྲབ་སྟོན་དེ“པེ་ཅིང་དང་ཡུལ་ཤུལ་ཁྱིམ་ཚང་གཅིག་ལྟར་བརྩེ། གཅིག་སེམས་གཅིག་ཏུ་འབྲེལ་བའི་བརྩེ་བ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་པེ་ཅིང་དང་ཡུལ་ཤུལ་གྱི་མི་རིགས་མཐུན་སྒྲིལ་དང་མཉམ་ལས་མཉམ་སྐྲུན་ལ་སྐུལ་འདེད་བཏང་བ་རེད།
འདི་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་གླིང་གེ་འབྲུག་དམངས་ཁྲོད་ཟློས་གར་ཚོགས་པའི་ཞིང་འབྲོག་པའི་འཁྲབ་སྟོན་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཟློས་གར་ཐུང་གྲས《ཐང་བོད་གནའ་ལམ》འཁྲབ་སྟོན་བྱེད་བཞིན་པ།
ཅང་སུའུ་ཞིང་ཆེན་སུའེ་ཉིང་རྫོང་དུ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་རླུང་ཤུགས་གློག་གཏོང་དང་འོད་ཤུགས་གློག་གཏོང་གི་རྣམ་གྲངས་མང་པོ་ཞིག་སྤྱོད་འགོ་ཚུགས་ཏེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། ད་དུང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་ཡོད། འདི་ནི་སུའེ་ཉིང་རྫོང་ཝུའེ་ཅི་གྲོང་རྡལ་ནས་རླུང་ཤུགས་གློག་གཏོང་འཕྲུལ་ཙུའུ་དང་། གྲོང་ཚོ། ཞིང་ཁ་བཅས་གཅིག་ལ་གཅིག་རྒྱན་གྱི་རྣམ་པ་ཞིག་མངོན་བཞིན་པ།