ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བསམ་འཆར》བཀྲམ་པ།
སྲིད་འཛིན་ཁྲིམས་སྒྱུར་མཐུན་སྦྱོར་དང་ལྟ་སྐུལ་ལས་དོན་གྱི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྲིད་འཛིན་ཁྲིམས་སྒྱུར་མཐུན་སྦྱོར་དང་ལྟ་སྐུལ་ལས་དོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་དུས་རབས་གསར་པའི་སྲིད་འཛིན་ཁྲིམས་སྒྱུར་མཐུན་སྦྱོར་དང་ལྟ་སྐུལ(གཤམ་དུ་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ཞེས་བསྡུ་རྒྱུ)ལ་ཤུགས་སྣོན་རྒྱག་པའི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་རེད།
《བསམ་འཆར》ནང་བཏོན་དོན། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ནི་གོང་རིམ་སྲིད་འཛིན་ལས་ཁུངས་ཀྱིས་གཤམ་འོག་སྲིད་འཛིན་ལས་ཁུངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལས་དོན་ལ་ནང་ཁུལ་རིམ་པའི་ལྟ་སྐུལ་བྱེད་པ་ཞིག་ཡིན་པའི་ངོས་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྲིད་འཛིན་ཁྲིམས་སྒྱུར་ལས་དོན་ལ་སྤྱི་འདོམས་བྱེད་པའི་གཞི་རྩའི་བྱེད་སྟངས་ཤིག་ཡིན། ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་བའི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་གྱི་མ་ལག་གཏོད་པ་དེས་ཁྲིམས་ལྟར་སྲིད་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་གྱི་མ་ལག་གཏོད་པར་ཤུགས་སྣོན་རྒྱག་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ལྟ་སྐུལ་ལམ་ལུགས་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ལྟ་སྐུལ་བྱེད་སྟངས་ཟམ་མི་ཆད་པར་གསར་གཏོད་བཅས་བྱས་ཏེ་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་གྱིས་སྲིད་འཛིན་ཁྲིམས་སྒྱུར་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་དང་། ཚད་ལྡན་དོ་དམ། ལྟ་སྐུལ་མཛུབ་ཁྲིད། ལྕག་སྐུལ་འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་2024ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་བཞིར་ཕྱོགས་ཡོངས་ནས་ཁྱབ་པའི་ཅུང་འཐུས་སྒོ་ཚང་བའི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་གྱི་མ་ལག་སྤྱིར་ན་བསྐྲུན་ཟིན་ཏེ། སྲིད་འཛིན་ཁྲིམས་སྒྱུར་ལས་དོན་གྱི་ཕྱོགས་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། རྒྱུན་རྣམ་ཅན། ཕུགས་ཕན་ཅན་བཅས་ཀྱི་ལྟ་སྐུལ་མངོན་འགྱུར་བྱེད་རྒྱུ་དེ་རེད།
《བསམ་འཆར》ནང་བླང་བྱ་བཏོན་དོན། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་སྣ་ཚོགས་དབར་འབྲེལ་མཐུད་དམ་ཚགས་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། ཁྲིམས་སྒྱུར་སྲིད་འཛིན་སྡེ་ཚན་ནི་སྲིད་གཞུང་གི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་སྒྲིག་གཞི་ཡིན་པའི་ངོས་ནས་རིམ་པ་དེ་གའི་སྲིད་གཞུང་གི་ཚབ་ཞུས་ཏེ་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་གྱི་ཞིབ་ཕྲའི་ལས་དོན་གྱི་འགན་འཁུར་དགོས། རྫོང་རིམ་པ་ཡན་གྱི་སྲིད་གཞུང་སྡེ་ཚན་གྱིས་རིམ་པ་དེ་གའི་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་མཛུབ་ཁྲིད་འོག སྲིད་འཛིན་ས་ཁོངས་དེའི་ནང་གི་གཙོ་གཉེར་ལས་རིགས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལས་དོན་ལ་མཛུབ་ཁྲིད་ལྟ་སྐུལ་གྱི་འགན་འཁུར་དགོས། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྲིད་འཛིན་ཁྲིམས་སྒྱུར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྲིད་འཛིན་ཁྲིམས་སྒྱུར་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་གྱི་འགན་ནུས་ལག་ལེན་ནན་པོ་བསྟར་བ་དང་། སྲིད་འཛིན་ཁྲིམས་སྒྱུར་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་བྱེད་པ། སྲིད་འཛིན་ཁྲིམས་སྒྱུར་གྱི་ཆེད་དོན་ལྟ་སྐུལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་ལས་དོན་གྱི་དགོས་མཁོར་གཞིགས་ནས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་གལ་ཆེན་ལག་བསྟར་བྱས་ཚུལ་ལ་སྲིད་འཛིན་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་སྲིད་འཛིན་ཁྲིམས་སྒྱུར་ལས་དོན་གྱི་ཕྱོགས་བསྡུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱབ་ཁོངས་དང་སྡེ་ཚན་ལས་བརྒལ་བའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་སྒྱུར་བཅོས་དང་གཞི་རིམ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་སྒྱུར་བཅོས་ཀྱི་མཛུབ་ཁྲིད་ལས་དོན་ཡག་པོ་སྒྲུབ་དགོས། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་བྱས་འབྲས་བེད་སྤྱོད་གང་ལེགས་བྱེད་པ་དང་། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་གྱི་ཆ་འཕྲིན་ཁུངས་སྣེ་གཅིག་སྡུད་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
《བསམ་འཆར》ནང་ནན་བཤད་བྱས་དོན། ལས་དོན་གྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྲིད་འཛིན་ཁྲིམས་སྒྱུར་དང་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་གྲངས་འཛིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དོན་འཁྱོལ་ལ་ལྕག་སྐུལ་བྱེད་པའི་ལམ་སྲོལ་འཛུགས་པ། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བཀོད་སྒྲིག་ཡོད་པ་དང་། དོན་འཁྱོལ་ལ་མཐོང་ཆེན། ཕན་འབྲས་ཐོན་པ་བཅས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་མཛུབ་ཁྲིད་ཞིབ་བཤེར་ལ་ལྕག་སྐུལ་ནན་པོ་བྱས་ནས་འབྲེལ་ཡོད་ཉམས་མྱོང་དང་བྱེད་སྟངས་ཁྱབ་གདལ་གཏོང་བ་དང་། གནད་དོན་ཐག་གཅོད་ཀྱི་ཞིབ་འཇུག་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས།