དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོར་ས་གནས་ཁག་གིས་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-15

    འདི་ལོའི་ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་བཅུ་དྲུག་པ་ཡིན་པ་དང་། ཟླ་5ཚེས་11ཉིན་ནས་ཚེས་17ཉིན་བར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དྲིལ་བསྒྲགས་གཟའ་འཁོར་ཡིན་པ། དྲིལ་བསྒྲགས་གཟའ་འཁོར་དེའི་བརྗོད་དོན་གཙོ་བོ་ནི“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད། མི་ཚང་མས་འཕྲལ་སྡོམ་བྱེད་ཤེས་པ་དགོས། གཞི་རིམ་གྱི་གནོད་འཚེ་སྔོན་འགོག་དང་ཉེན་འགོག་ཉེན་གཡོལ་གྱི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་དགོས”ཞེས་པ་དེ་ཡིན་པ་རེད། ཉིན་ཤས་བསྟུད་མར་ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་དང་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སྤེལ་ཡོད།

    དངོས་འཐབ་ནང་སྦྱོང་བྱས་ནས་ཉེན་ཁ་སེལ་ནུས་ཆེ་རུ་བཏང་ཞིང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་། འཕྲལ་སྡོམ་དོ་དམ་པུའུ། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཀྲེ་ཅང་གི་ཅིན་ཧྭ་སོགས་སུ་མཉམ་འབྲེལ་ཐོག“འཕྲལ་སྡོམ་ལས་འགན། 2024ལོ”ཞེས་པའི་རྒྱ་མཚོའི་རླུང་འཚུབ་དྲག་པོ་སྔོན་འགོག་དང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་འགོག་ཟོན་གྱི་མཉམ་འབྲེལ་རོགས་སྐྱོབ་ནང་སྦྱོང་བྱས་པ་དང་། ཧྲང་ཧའེ་ཡིས་གཏད་རྒྱུག་དྲག་པོའི་གནམ་གཤིས་བསྟན་པ་དང་སྦྲགས་ས་ཡོམ་ཡང་བརྒྱབ་ཁུལ་བྱས་ནས“ཧྲང་ཧའེ་འཕྲལ་སྡོམ 2024ལོ”ཞེས་པའི་ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་བྱས་པ་ལ་སོགས། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ནང་སྦྱོང་རབ་དང་རིམ་པ་བྱས་ནས་དཔུང་ཁག་ལ་ཞིབ་བཤེར་ནུས་ལྡན་བྱས་པ་དང་། ལམ་སྲོལ་དང་འཚམ་མཐུན་ཡོང་མིན་ལྟ་ཞིབ་བྱས་པ། གནོད་འཚེ་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ཡོད།

    བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་བཏང་ཞིང་། རྒྱལ་ཡོངས་ཀྱི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་གྱི་འགྲེལ་བཤད་འགྲན་བསྡུར་ཆེན་པོ་སྐབས་བརྒྱད་པའི་མཐའ་བསྡུར་ཀྲེ་ཅང་གི་ཉིང་པོ་རུ་བྱས་པར། ས་གནས་ཁག་གི་ཚན་རྩལ་དང་བདེ་འཇགས་རིགས་ཀྱི་ཁང་ཐང་གི་འགྲེལ་བཤད་པ་དང་། སློབ་གྲྭའི་དགེ་རྒན། སློབ་ཆེན་གྱི་སློབ་མ་སོགས་བདམས་ཐོན་པ་མང་པོ་ཞུགས་པ་དང་། ཀྲུང་གོ་ས་ཡོམ་འཕྲལ་སྡོམ་འཚོལ་སྐྱོབ་ལྟེ་གནས་དང་འཕྲལ་སྡོམ་དོ་དམ་པུའི་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་ཀྱིས་རྒྱལ་ཁབ་ས་ཡོམ་འཕྲལ་སྡོམ་རོགས་སྐྱོབ་སྦྱོང་བརྡར་རྟེན་གཞིར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་སྤྱི་དམངས་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་སོགས། ས་གནས་ཁག་དང་སྡེ་ཚན་ཁག་གིས་གསར་གཏོད་ལ་སྣང་ཆེན་དང་ཐབས་མང་མཉམ་སྤྱོད་ཀྱིས་དྲ་ཐོག་དང་ས་ཡུལ་དངོས་ཟུང་འབྲེལ་བྱས་ཏེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་དམངས་ཡོངས་ཞུགས་པའི་རྣམ་པ་ཡག་པོ་ཞིག་ཧུར་ཐག་བཏོད་ཡོད།

    ཚན་རིག་ཁྱབ་གདལ་བཏང་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཞིང་། འཕྲལ་སྡོམ་དོ་དམ་པུས་ས་གནས་མེ་ཟོན་རྟེན་མཛོད་ཁང་དང་། གནོད་འཚེ་སྔོན་འགོག་སློབ་གསོ་ཁང་། མེ་ཟོན་བདེ་འཇགས་དངོས་སྦྱོང་རྟེན་གཞི་བཅས་དང་མཉམ་འབྲེལ་ཐོག“དམངས་ཡོངས་ཀྱི་བདེ་འཇགས་ཡོངས་བསྒྲགས་སློབ་ཚན”གྱི་ལེ་ཚན་རབ་དང་རིམ་པ་སྒྲིག་བཟོ་བྱས་ནས་བཏོན་པ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུས་འཕྲིན་གཏོང་གཉེར་སྐྱོང་ཚོང་པར་མཐུན་སྦྱོར་བྱས་ནས་རྒྱལ་ཡོངས་ཀྱི་ལག་ཐོགས་ཁ་པར་སྤྱོད་མཁན་ལ་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོའི་བརྗོད་དོན་གཙོ་བོའི་སྤྱི་ཕན་འཕྲིན་ཐུང་བསྐུར་བ། ཧོ་པེས་གཙོ་གནད་ཡུལ་དུ་བདེ་འཇགས་འབོད་ཚིག་དང་འཕྲད་འགེལ་རི་མོ་བཀལ་བའམ་ཡང་ན་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་སྤྱི་ཕན་དྲིལ་བསྒྲགས་པར་གཞི་བསྟན་པ་སོགས། ས་གནས་ཁག་དང་སྡེ་ཚན་ཁག་གིས་གྲོང་མིའི་བདེ་འཇགས་ཉམས་ལེན་ཁང་དང་འཕྲལ་སྡོམ་དངོས་སྦྱོང་རྟེན་གཞི་སོགས་ཚན་རིག་ཁྱབ་གདལ་ཁང་དུ་རིན་མི་དགོས་པར་ཆེད་དོན་འཆད་ཁྲིད་དང་། འདྲ་བཟོས་ཉམས་ལེན། འགྲེམས་སྟོན་བཤམས་སྟོན་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།