དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཤིས་ཨན་དུ་གཉེར་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-15

    ཉེ་ཆར། 2024ལོའི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་ར་གཙོ་བོའི་བྱེད་སྒོ་དེ་ཟླ་5ཚེས་17ནས་ཚེས་19ཉིན་བར་ཧྲའན་ཤིས་ལོ་རྒྱུས་རྟེན་མཛོད་ཁང་གི་ཆིན་ཧན་འགྲེམས་ཁང་དུ་སྤེལ་རྒྱུ་ཡིན་པ་དང་། “རྟེན་མཛོད་ཁང་གིས་སློབ་གསོ་དང་ཞིབ་འཇུག་ལ་གཞོལ་བའི”བརྗོད་དོན་གཙོ་བོར་དམིགས་ནས་རང་རྒྱལ་གྱི་རྟེན་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུ་རེད།

    རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའོ་ཝུན་ལི་ཡིས། ཚོགས་ར་གཙོ་བོའི་བྱེད་སྒོའི་འགོ་ཚུགས་མཛད་སྒོར་ཡོངས་བསྒྲགས་རབ་དང་རིམ་པ་བྱ་རྒྱུ་ཡིན་ཞིང་། དེའི་ནང་2023ལོའི་ལོ་འཁོར་གྱི་ཀྲུང་གོའི་རྟེན་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་ཀྱི་གྲངས་གཞི་གསར་ཤོས་ཡོངས་བསྒྲགས་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་མཛོད་ཁང་ཁག་ལྔ་པའི་མིང་ཐོ་ཡོངས་བསྒྲགས། སློབ་གསོ་པུའུ་དང་མཉམ་དུ་རྒྱལ་ཁབ་ཀྱི་གསར་བརྗེའི་རིག་དངོས་མཉམ་ལས་ལྟེ་གནས་ཁག་20ལ་སྒོ་བྱང་སྤྲོད་རྒྱུ། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་མཉམ་དུ“རྟེན་མཛོད་ཁང་དུ་ཀྲུང་གོའི་ལོ་རྒྱུས་གླེང་བའི”བརྗོད་དོན་གཙོ་བོའི་འགྲེམས་སྟོན་འོས་སྦྱོར་བྱེད་སྒོ་གཉེར་བ་བཅས་ཚུད་ཡོད་པ་མ་ཟད། “རྒྱལ་ཡོངས་རྟེན་མཛོད་ཁང་གི་སྒྲིག་གཤོམ་ཆེ་གྲས་བཅུའི”འོས་སྦྱོར་བྱས་འབྲས་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོར་ཧྲའན་ཤིས་ལོ་རྒྱུས་རྟེན་མཛོད་ཁང་གི་ཆིན་ཧན་རྟེན་མཛོད་འགྲེམས་ཁང་དངོས་སུ་སྒོ་ཕྱེ་ནས“ཆིན་ཧན་ཤེས་དཔལ”གྱི་འགྲེམས་སྟོན་གལ་ཆེན་རབ་དང་རིམ་པ་དང་། “ཁྲང་ཨན་ནས་འགོ་བཙུགས་ཏེ་དར་གོས་ལམ་བུའི་མངོན་མིན་རིག་གནས་ཤུལ་བཞག་ཐོ་འགོད་ལེགས་གྲུབ་བྱུང་ནས་ལོ་བཅུ་འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”“ལོ་ངོ་སྟོང་གི་ཆིན་ཧན། རྟེན་མཛོད་ཁང་གི་གནའ་དེང”གི་རྟེན་མཛོད་ཁང་གི་མཚན་མོའི་བྱེད་སྒོ རྟེན་མཛོད་ཁང་ཉིན་མོའི་གླེང་སྟེགས་གཙོ་བོ་དང་། གཞོན་ནུའི་གླེང་སྟེགས། འགྲེམས་སྟོན་འཆར་འགོད་པའི་གླེང་སྟེགས། ཆིན་ཧན་ཤེས་དཔལ་གྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བཅས་གཉེར་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།