དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གུང་སྐུ་ཚབ་ཚོགས་པས་ལོ་སིར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-05-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་9ཉིན་ནས་ཚེས་12ཉིན་བར། ལོ་སིའི་མི་དམངས་གསར་བརྗེ་ཏང་གི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལས་རོགས་ཀྲའོ་ཧྲི་ཐུང་གིས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ལོ་སིར་འཚམས་འདྲི་གནང་ཞིང་། དེའི་རིང་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་པིན་ཐུང་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཁན་ཕན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ཐུང་ཧྲ་དབན་བཅས་སོ་སོ་དང་མཇལ་འཛོམས་གནང་བ་མ་ཟད། ལོ་སིའི་ཏང་སྲིད་སྡེ་ཚན་གྱི་འགན་འཁུར་བ་དང་བཞུགས་མོལ་ཡང་གནང་བ་རེད།

    ཕྱོགས་གཉིས་པོས་ཀྲུང་ལོ་དབར་གྱི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་གནང་ཞིང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་གཙོ་བོའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། ཏང་གཉིས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་སྟེ་ཚད་གཞི་མཐོ་བ་དང་། སྤུས་ཚད་ལེགས་པ། ཆུ་ཚད་མཐོ་བ་བཅས་ཀྱི་ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།