དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་ཀྲུང་གོ་དང་ཙན་པི་ཡའི་རིག་གནས་ཡུལ་སྐོར་ལོ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-15

     ཚེས་11ཉིན། 2024ལོའི་ཀྲུང་གོ་དང་ཙན་པི་ཡའི་རིག་གནས་ཡུལ་སྐོར་ལོ་པེ་ཅིང་དུ་འགོ་ཚུགས་པ་རེད། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་སུན་ཡེ་ལི་དང་། ཙན་པི་ཡའི་ཡུལ་སྐོར་པུའི་པུའུ་ཀྲང་ཞི་ཁུང་པཱ། ཀྲུང་གོར་བཅའ་སྡོད་ཙན་པི་ཡའི་གཞུང་ཚབ་ཆེ་མོ་བ་ཆི་ཝུའུ་ལུའུ་བཅས་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཀྲུང་གོ་དང་ཙན་པི་ཡའི་རིག་གནས་ཡུལ་སྐོར་ལོའི་རིང་། ཕྱོགས་གཉིས་པོས་ལོ་ཧྲིལ་པོར་ཁྱབ་པའི་ངོ་མཚར་ཆེ་བའི་བྱེད་སྒོ་མང་པོ་སྤེལ་རྒྱུའི་ནང་རིག་རྩལ་འཁྲབ་སྟོན་དང་། ཡུལ་སྐོར་ཁྱབ་གདལ། མི་སྣ་གསོ་སྦྱོང་སོགས་ཚུད་ཡོད་པ་རེད། འགོ་ཚུགས་མཛད་སྒོ་འཚོགས་རྗེས། ཙན་པི་ཡའི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་པ་དང་ཀྲུང་གོ་དང་ཙན་པི་ཡའི་ཡུལ་སྐོར་ལས་རིགས་ཀྱི་མི་སྣ་100ཙམ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།