དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།

    སྤྱོད་ཚུལ་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-15

     ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་དཔུང་ཁག་གི་ལས་ཀའི་སྤྱོད་ཚུལ“ཐར་ཐོར་དུ་གཏོང་མི་ཕོད་པ་དང་། ཐར་ཐོར་དུ་གཏོང་མི་རུང་བ། ཐར་ཐོར་དུ་གཏོང་མི་འདོད་པ”་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་དེ་ལས་ཀའི་དོན་དངོས་ལ་འགྱུར་བར་བྱས་ཏེ་སྒྲིག་ཁྲིམས་ནན་པོ་དང་སྤྱོད་ཚུལ་ཧྲག་པའི་གཙོ་ཤུགས་དམག་དང་རྒྱལ་ཁབ་རུ་ཁག་ཅིག་ཏུ་གཏོད་ཆེད། སྒྲིག་ཁྲིམས་ཀྱིས་འགན་ལེན་ནུས་ལྡན་བྱས་ཡོད།

    ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་བཀོད་འཐབ་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་། སྒྲིག་ལམ་གྱི་འདུ་ཤེས། མཐའ་ཚད་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུ་དེ་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་དོན་ལ་བརྩིས་པ་དང་། གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇགས་གཅིག་སྡུད་བཅོས་སྒྲིག་གི་བྱ་སྤྱོད་ཆེ་མོའི་ཆབ་སྲིད་ལྟ་སྐུལ་གོ་སྐབས་སུ་བཟུང་ནས“ལས་འགྱངས་གཏོང་བ་དང་། དགོས་པའི་ལས་མི་བྱེད་པ། མི་དགོས་པའི་ལས་རྙོག་བཟོ་བ”སོགས་ཀྱི་སྤྱོད་ཚུལ་ནུས་ཤུགས་ཡོད་རྒུས་ཡོ་བསྲང་བྱས་ཡོད།

    ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར“སྤྱོད་ཚུལ་འཛུཌ་སྐྱོང་ནམ་ཡང་ཚར་དུས་མེད་པའི”ཆོད་སེམས་དང“ཕྱོཌ་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པའི”ཆབ་སྲིད་ཀྱི་རང་འགུལ་ཐོག་ནས། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི“དངོས་འཛིན་དངོས་སྒྲུབ་དང་། སྒྲིག་ཁྲིམས་ནན་སྲུང་། བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།