དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྫ་ཡུལ་རྫོང་གིས།

    རྫ་ཡུལ་དང་ཀུང་ཧྲན་དབར་སྦྲག་ཐོག་མྱུར་སྐྱེལ་མཉམ་ལས་འཚོལ་ཞིབ་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-15

     ཉེ་ཆར། གསར་འགོད་པར་རྫ་ཡུལ་རྫོང་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། རྫ་ཡུལ་རྫོང་གིས་ཡུན་ནན་ཞིང་ཆེན་ཀུང་ཧྲན་ཏུའུ་ལུང་རིགས་དང་ནུའུ་རིགས་རང་སྐྱོང་རྫོང་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྫ་ཡུལ་དང་ཀུང་ཧྲན་སྦྲག་ཐོག་མྱུར་སྐྱེལ་མཉམ་ལས་ཀྱི་བསམ་ཕྱོགས་གསར་པ་འཚོལ་ཞིབ་བྱས་པ་རེད།

    རྫ་ཡུལ་རྫོང་ཚ་བ་རོང་ཤང་དང་ཀུང་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་པིང་ཀྲུང་ལུའོ་གྲོང་རྡལ་གཉིས་ས་འབྲེལ་ཡིན་པས། སྦྲག་ཐོག་མྱུར་སྐྱེལ་མཉམ་ལས་ལ་རང་བྱུང་གི་ས་ཁམས་ཀྱི་ལེགས་ཆ་ལྡན་ཡོད། དེར་བརྟེན་རྫ་ཡུལ་རྫོང་གིས་ས་ཁམས་ཀྱི་ལེགས་ཆ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཁ་གསབ་གང་ལེགས་སྤྱད་དེ། རྒྱལ་ལམ་219ཐོག་བོད་ལྗོངས་དང་ཡུན་ནན་དབར་གྱི“ཕྱོགས་གཉིས་ཟོག་འགྲེམས”ཤར་གཏོང་ཐུབ་རྒྱུར་གང་མགྱོགས་སྐུལ་འདེད་བཏང་ནས། ཚ་བ་རོང་ཤང་དུ“བོད་ཤར་ལྷོའི་བསྡུ་འགྲེམས་ལྟེ་གནས་དང་པོ”བསྐྲུན་ཏེ་རྫ་ཡུལ་དང་ཀུང་ཧྲན་དབར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།