དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གསང་ཡིབ་སྡེ་ཁུལ་གྱིས།

    “ཕྲུག་ཚབ”མངགས་ནས་རྒན་རྒོན་ལ་ལྟ་སྐྱོང་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-15

    ཟླ་5པའི་ས་མཐོར་གནམ་གཤིས་སྐྱིད་པའི་སྒང་ཡིན་ཞིང་། གསང་ཡིབ་སྡེ་ཁུལ་བདེ་སྡོད་གླིང་བཞི་པའི་མི་ཧྲེང་རྒད་པོ་བློ་བཟང་ཚེ་རིང་གི་ཁྱིམ་དུ་གཙང་སྦྲ་ཚར་བའི་སྡེ་ཁུལ་གྱི་ལས་དོན་པ་མིག་དམར་ཚེ་རིང་དང་བསྟན་འཛིན་ངག་དབང་གིས“སྤོ་ལགས། ཕྱིས་སུ་ང་ཚོ་ནི་སྡེ་ཁུལ་དུ་ཡོད་པའི་ཁྱེད་ཀྱི‘ཕྲུ་གུ’རེད། ང་ཚོ་རྒྱུན་དུ་ཁྱེད་ལ་ལྟ་བར་ཡོང་གི་ཡིན། ཁྱེད་རང་ལ་དོན་དག་གང་ཡོད་ཀྱང་ང་ཚོར་ཁ་པར་རྒྱག་ཆོག”ཅེས་བཤད།

    གསང་ཡིབ་སྡེ་ཁུལ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་བྱང་རྒྱུད་དུ་གནས་པ་དང་ཁོངས་གཏོགས་ཁུལ་དུ་མང་ཆེ་བ་བཀོད་སྒྲིག་ཁུལ་ཆུང་དང་ལས་འཁྱུར་ངལ་གསོའི་རྟེན་གཞི་ཡིན་ཞིང་། ན་གཞོན་མང་ཆེ་བ་ཕྱིར་ལས་ཀར་ཕྱིན་པར་བརྟེན་སྡེ་ཁུལ་དུ་མི་ཧྲེང་རྒན་རྒོན་མི་ཉུང་བ་ཞིག་ཡོད། རྒན་གསོའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས་མི་ཧྲེང་རྒན་རྒོན་ལ་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་བ་བྱ་ཆེད། 2024ལོའི་ཟླ་4པ་ནས་གསང་ཡིབ་སྡེ་ཁུལ་གྱིས“ཕྲུག་ཚབ”མངགས་པའི་ལས་དོན་སྤེལ་ཏེ་ཁོངས་གཏོགས་ཁུལ་གྱི་མི་ཧྲེང་རྒན་རྒོན་ཚང་མར་སྤྱི་ཚོགས་ལས་དོན་པ་གཉིས“ཕྲུག་ཚབ”ཏུ་མངགས་ནས་ཁྱིམ་ཆུང་གསར་པ་ཞིག་བཙུགས་པ་རེད།

    ད་ལོ་ལོ་73ལ་སླེབས་པའི་རྒད་པོ་བློ་བཟང་ཚེ་རིང་གི་མིག་ཤེད་ཉམས་ཡོད་ལ་བཟའ་མི་བུ་ཕྲུག་ཀྱང་མེད་པས། འཚོ་བའི་འགྲོ་འདུག་གང་ཅིར་ཁྱིམ་མཚེས་ཀྱིས་ལྟ་རྟོག་བྱེད་དགོས་ཀྱི་ཡོད།

    “ད་ལྟ་ང་ཧ་ཅང་སྐྱིད་པོ་འདུག སྲིད་གཞུང་ནས་སྤྲད་པའི་གླ་ཆ་དང་ང་ལ་ལྟ་རྟོག་བྱེད་མཁན་ལས་རོགས་རྙིང་པ་ཡོད་ལ། སྡེ་ཁུལ་གྱི“ཕྲུག་ཚབ”ཚོས་རྟག་ཏུ་གྱོན་གོས་བཀྲུ་རོགས་དང་། སེན་མོ་འབྲེག་པ། གཙང་སྦྲ་བྱེད་རོགས་ཀྱང་བྱེད་ཀྱི་འདུག སྡེ་ཁུལ་ནས་ང་ལ་སེམས་ཁུར་གནང་བར་དངོས་གནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་རྒད་པོ་བློ་བཟང་ཚེ་རིང་གིས་བཤད།

    “ཕྲུག་ཚབ”མངགས་པའི་བྱ་སྤྱོད་ལས་ཕན་པ་ཐོབ་ནས་གསང་ཡིབ་སྡེ་ཁུལ་གྱི་མི་ཧྲེང་རྒན་རྒོན་གྱི་འཚོ་བ་དེ་བས་སྐྱིད་དུ་སོང་ཡོད། ཉེ་བའི་ལོ་ཤས་རིང་། གསང་ཡིབ་སྡེ་ཁུལ་གྱིས་རྒན་རྒོན་གཅེས་སྐྱོང་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཏང་དམངས་ཞབས་ཞུའི་ལྟེ་གནས་དང་། ཞབས་ཞུའི་Vཚུགས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སོགས་ལ་བརྟེན་ནས་རྒན་རྒོན་ལ་རོགས་རམ་བྱེད་པའི་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་རྒྱུན་མཐུད་སྤེལ་བ་དང་། མཉམ་གཞས་རུ་ཁག་དང“ཐང་ཤ་དོད་པའི་ཏང་ཡོན་རྒན་གྲས་དང་བླངས་པ”སོགས་ཀྱི་དཔུང་ཁག་བཙུགས་ནས་རྒན་གསོའི་དགོས་མཁོ་སྣ་ཚོགས་བསྐངས་པས་རྒན་རྒོན་གྱི་བདེ་སྐྱིད་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།