སོལ་རླངས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་མན་ངག་འདི་དག་ཡིད་ལ་བརྟན་པོར་ཟུངས།
བདེ་འཇགས་སློབ་གསོ།
གཅིག སོལ་རླངས་དང་འབྲེལ་བ་ཡོད་པའི་གཤམ་གསལ་གྱི་གནད་དོན་འགའ་ངེས་པར་དུ་ཤེས་དགོས།
1.སོལ་རླངས་སྤྱོད་སྐབས་ཡག་པོ་ལྟ་དགོས། སོལ་རླངས་སྤྱོད་སའི་ཁང་པའི་སྒོ་དང་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ས་ཡོད་པ་བྱེད་དགོས་པ་དང་། ཁ་ལག་བཟོ་སྐབས་དང་ཆུ་སྐོལ་སྐབས་ཐབ་ཀྱི་འགྲམ་དུ་སྡོད་དགོས།
2.སོལ་རླངས་དབུགས་རིལ་མགོ་རྟིང་སློག་མི་ཉན། སོལ་རླངས་དབུགས་རིལ་སྤྱོད་སྐབས། དབུགས་རིལ་ངེས་པར་དུ་ཀྲོང་ངེར་བསླངས་ནས་འཇོག་པ་ལས་དབུགས་རིལ་གྱི་མཐིལ་ཚ་པོ་བཟོ་བ་དང་། མགོ་རྟིང་སློག་པ། འཕྲེད་དུ་བསྙལ་བ། སྐྱོམ་སྐྱོམ་སོགས་བྱེད་མི་ཉན།
3.སོལ་རླངས་སྒྲིག་ཆས་ཐོག་དངོས་པོ་འགེལ་མི་རུང་། སོལ་རླངས་ཀྱི་ཆུ་ཚོད་དང་ཆུ་ཚ་པོ་བཟོ་ཆས་སོགས་སོལ་རླངས་སྒྲིག་ཆས་དང་ཞོར་གཏོགས་མདོང་སྦུག་གཏུམ་མི་རུང་བ་དང་སོལ་རླངས་སྒྲིག་ཆས་ཐོག་དངོས་པོ་འགེལ་བ་སོགས་བྱེད་མི་རུང་། དེ་ལྟར་བྱས་ཚེ་རླངས་པ་ཕྱིར་ཤོར་ཉེན་ཡོད།
4.མངོན་མེད་རྐྱེན་ངན་དུས་བཀག་ཏུ་ཞིབ་བཤེར་དང་སྔོན་འགོག་བྱེད་དགོས། རྒྱུན་དུ་ཐབ་ཚང་གི་སོལ་རླངས་ཀྱི་སྦུ་གུ་རྙིང་པ་ཆགས་མིན་དང་ལྷུག་ཏུ་ཕྱིན་མིན་ལ་ཡག་པོ་བལྟ་དགོས། གལ་སྲིད་གནད་དོན་ཡོད་པ་ཤེས་ཚེ། དུས་ཐོག་ཏུ་ཆེད་ལས་ལས་དོན་པར་འབྲེལ་གཏུག་བྱས་ནས་ཉམས་བཟོ་དང་ཡང་ན་གསར་པ་བརྗེ་དགོས།
5.སོལ་རླངས་ཕྱིར་ཤོར་ན་གློག་སྤོར་མི་རུང་། སོལ་རླངས་ཕྱིར་ཤོར་བ་ཤེས་ཚེ་མགྱོགས་མྱུར་རླངས་ཁུངས་ཁ་བཀག་ནས་སྒོ་དང་སྒེའུ་ཁུང་ཕྱེ་དགོས་ལ། གློག་ཆས་ཀྱི་བསད་སྤར་ལ་མི་རེག་པ་དང་མེ་ལྕགས་སོགས་མི་སྤྱོད་པར་སོལ་རླངས་ཕྱིར་ཤོར་ཡོད་མེད་ཞིབ་བཤེར་ནན་པོ་བྱེད་དགོས།
6.འབར་གས་སླ་བའི་དངོས་རྫས་སོལ་རླངས་ཐབ་དང་བར་ཐག་ཉེ་པོར་འཇོག་མི་རུང་། སོལ་རླངས་ཐབ་ཆས་ཀྱི་འགྲམ་དུ། གལ་སྲིད་འབར་སླའི་དངོས་པོ་ཡོད་ཚེ་གང་མགྱོགས་གཙང་སེལ་བྱེད་དགོས་པ་དང་། སོལ་རླངས་ཐབ་ཆས་སྤྱོད་སྐབས། དེའི་འགྲམ་དུ་འབུ་གསོད་སྨན་ཆུ་སོགས་འབར་སླའི་སྨན་ཆུ་གཏོར་མི་རུང་།
7.སོལ་རླངས་ཀྱི་གློག་སྐུད་དང་། མདོང་སྦུག ཐབ་ཆས་བཅས་རང་འདོད་ལྟར་བཟོ་བཅོས་རྒྱག་མི་རུང་། རླངས་སྣོད་བརྗེ་སྐབས་གློག་སྐུད་དང་མདོང་སྦུག་དམ་པོ་འབྲེལ་དགོས་པ་མ་ཟད། སོལ་རླངས་ཕྱིར་ཤོར་ཡོད་མེད་ཞིབ་བཤེར་བྱེད་དགོས།
8.ཕྱིར་མ་ཐོན་གོང་གཅུས་སྒོ་དམ་པོ་རྒྱག་དགོས། ཕྱིར་མ་ཐོན་གོང་ངེས་པར་དུ་སོལ་རླངས་ཀྱི་གཅུས་སྒོ་ཡག་པོ་རྒྱག་དགོས་པ་མ་ཟད། ཐབ་ཆས་ཀྱི་གཅུས་སྒོར་ཞིབ་བཤེར་ཡག་པོ་བྱེད་དགོས།
9.སྔོན་ལ་ཐག་རིང་ཙམ་གྱི་སར་བསྐྱོད་རྗེས་ཉེན་བརྡ་སྐྱེལ་དགོས། སོལ་རླངས་ཀྱི་བདེ་འཇགས་ལས་འཛོལ་གང་འདྲ་ཞིག་འཕྲད་རུང་ཉེན་ཁ་ཡོད་ས་ལས་གང་མགྱོགས་གཡོལ་རྗེས་སོལ་རླངས་ཀུང་སི་དང་སྡེ་ལས་ལ་འབྲེལ་བ་བྱེད་དགོས། གནས་ཚུལ་ཚབས་ཆེ་རིགས་119ལ་ཁ་པར་བརྒྱབ་སྟེ་རོགས་རམ་བྱ་རྒྱུའི་རེ་བ་ཞུ་དགོས།
གཉིས། སོལ་རླངས་ཕྱིར་ཤོར་ཡོད་མེད་ལྟ་སྟངས།
1.དྲི་མ་སྣུམ་པ། སྣ་ཁུང་གིས་དྲི་མ་སྣུམ་དགོས།
སྤྱིར་བཏང་བྱས་ན་དམངས་སྤྱོད་སོལ་རླངས་ཚང་མར་དྲི་ངན་ལྡན་པས། སོལ་རླངས་ནས་སྒོ་ང་རུལ་བ་ལྟར་གྱི་དྲི་ངན་བྲོ་ཚེ་འབར་རླངས་ཕྱིར་ཤོར་ཉེན་ཡོད།
2.ལྟ་བ། སོལ་རླངས་ཀྱི་ཆུ་ཚོད་ལ་ལྟ་དགོས།
སོལ་རླངས་གཏན་ནས་མི་སྤྱོད་པའི་གནས་ཚུལ་འོག ཆུ་ཚོད་ནང་གི་ཨང་ཀིར་འགྱུར་ལྡོག་འགྲོ་མིན་ལ་ལྟ་དགོས། གལ་སྲིད་ཆུ་ཚོད་ཕྱིན་ཚེ་སོལ་རླངས་ཀྱི་གཅུས་སྒོ་དམ་པོ་མ་བྱུང་བས་ཕྱིར་ཤོར་གྱི་ཡོད་པ་གཏན་འཁེལ་རེད།
3.བྱུག་པ། ཡི་ཙིའི་ཆུ་བྱུག་དགོས། ཡི་ཙིའི་ཆུ་སོལ་རླངས་ཀྱི་སྦུ་གུ་དང་། སོལ་རླངས་ཆུ་ཚོད་ཀྱི་འགྱིག་སྦུག་སོགས་སོལ་རླངས་ཤོར་སླ་སར་བྱུག་ནས་སོལ་རླངས་ཕྱིར་ཤོར་མིན་ཞིབ་བཤེར་བྱེད་དགོས། གལ་ཏེ་སོལ་རླངས་ཕྱིར་ཤོར་གྱི་ཡོད་ཚེ་ཡི་ཙིའི་ཆུ་ནས་ལྦུ་བ་དོན་སྲིད།