དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཧྥ་རན་སེ་སོགས་རྒྱལ་ཁབ་12ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་2025ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱས་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-14

    ཀྲུང་གོའི་འགོ་ཁྲིད་པས་ཧྥ་རན་སེར་འཚམས་འདྲི་གནང་རིང་ཧྥ་རན་སེ་སོགས་རྒྱལ་ཁབ་12ཀྱི་སྤྱི་དམངས་ཀྲུང་གོར་དུས་ཐུང་ཡོང་བར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དེ་2025ལོའི་ལོ་མཇུག་བར་ནར་འགྱངས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཚེས་7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གསལ་པོ་གནང་བ་རེད།

    ལིན་ཅན་གྱིས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་དང་། འཇར་མན། དབྱི་ཐ་ལི། ཧོ་ལན། སི་ཕེན། མ་ལེ་ཞི་ཡ། སུའེ་ཙེར། ཨེར་ལན། ཧང་ག་རི། ཨོ་སི་ཁྲུ་རི་ཡ། པེར་ཀྲེམ། ལུ་ཙེམ་པོག་བཅས་རྒྱལ་ཁབ་12ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་2025ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་ཡོད། གོང་གསལ་རྒྱལ་ཁབ་ཀྱི་ལམ་ཡིག་དཀྱུས་མ་ཡོད་མཁན་ཀྲུང་གོར་ཚོང་གཉེར་དང་། ཡུལ་སྐོར་དང་ལྟ་སྐོར། གཉེན་ཉེ་དང་གྲོགས་པོ་ཐུག་འཕྲད་བཅས་བྱེད་པ་དང་རྒྱལ་མཚམས་བསྒྲལ་ནས་ཉིན་15མི་བརྒལ་ཚེ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།