དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཅེ་ཁེའི་ཁེ་ལས་ཀྱི་སྤེལ་རེས་འབྲེལ་མཐུད་ཚོགས་འདུར་ཀྲུང་ཅེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕུ་རག་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་དང་ཅེ་ཁེའི་ཁེ་ལས་ཀྱི་སྤེལ་རེས་འབྲེལ་མཐུད་ཚོགས་འདུ་ཅེ་ཁེའི་རྒྱལ་ས་ཕུ་རག་ཏུ་འཚོཌ་ཤིང་། རྒྱལ་ཁབ་གཉིས་པོའི་ཁེ་ལས་དང་། ལས་རིགས་མཐུན་ཚོགས། སྲིད་གཞུང་བཅས་ཀྱི་འཐུས་མི་100ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    ཅེ་ཁེའི་བཟོ་ཚོང་པུའི་ཡོ་རོབ་མནའ་འབྲེལ་ཐེབས་རྩ་སྤྱི་ཁྱབ་སིའི་སྤྱི་ཁྱབ་སི་ཀྲང་ཕི་ཡེ་ཧ་ཡིས་གཏམ་བཤད་སྤེལ་སྐབས། ཅེ་ཁེ་དང་ཀྲུང་གོ་ནི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་ཡིན་པས་ཅེ་ཀྲུང་གི་ཚོང་དོན་དང་། མ་འཇོག དམངས་ཁྲོད་མཉམ་འགུལ་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཅེ་ཁེ་ཕྱོགས་ཀྱིས་ཐག་རིང་ནས་ཡོང་བའི་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པར་དགའ་བསུ་ཞུ་བ་དང་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་དགེ་མཚན་ལྡན་པའི་མཉམ་ལས་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ད་ཐེངས་ཀྱི་སྤེལ་རེས་འབྲེལ་མཐུད་ཚོགས་འདུ་ནི་ཀྲུང་གོའི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་དང་། ཅེ་ཁེའི་བཟོ་ལས་དང་འགྲིམ་འགྲུལ་མཐུན་ཚོགས། ཅེ་ཁེའི་བཟོ་སྐྲུན་ལག་རྩལ་མཐུན་ཚོགས། ཅེ་ཁེའི་ཀྲུང་གོའི་མ་རྩའི་ཁེ་ལས་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།