དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་ཁེ་ལས་བཅོ་ལྔ་2024ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    ཟླ་5ཚེས་10ཉིན། 2024ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་འགྲེམས་ཁང་དུ་འགོ་ཚུགས་པ་དང“ཐོན་རྫས་ཡག་པོར་དགའ་བསུ་ཐོབ་པའི”བརྗོད་དོན་གཙོ་བོའི་བོད་ལྗོངས་འགྲེམས་ཁང་དུ་ལྟ་སྐོར་བྱེད་མཁན་མང་པོ་སླེབས་ཡོད།

    ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཁང་དེ་ཕྱོགས་བསྡུས་གཟུགས་བརྙན་ཁུལ་དང་། ཉམས་འགྱུར་ཡག་པོར་དགའ་བསུ་ཐོབ་པ། ཐོན་རྫས་ཡག་པོར་དགའ་བསུ་ཐོབ་པ། སྤུས་རྟགས་ཡག་པོར་དགའ་བསུ་ཐོབ་པ། མཛེས་ལྗོངས་ཡག་པོར་དགའ་བསུ་ཐོབ་པ། བྱེད་སྒོ་ཡག་པོར་དགའ་བསུ་ཐོབ་པ་བཅས་འགྲེམས་ཁུལ་དྲུག་ལ་དབྱེ་ཡོད་པ་དང་། ཁྱོན་ཁེ་ལས་15འགྲེམས་སྟོན་ནང་ཞུགས་ཤིང་། ས་ཁོངས་ཀྱི་ཁྱད་ལྡན་སྤུས་རྟགས་ཡིན་པའི“སའི་གོ་ལའི་སྣེ་གསུམ་པ”ཚུད་ཡོད་པ་དང་སྲོལ་རྒྱུན་རིག་གནས་དང་། ཁྱད་ལྡན་རིག་གནས་བསམ་བཀོད། ས་མཐོའི་ཁྱད་ལྡན་ཐོན་རྫས། དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་རང་ལྗོངས་ཀྱི་འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་ཁག་གིས་སྤུས་དག་སྣ་འཛོམས་དང་ཐོན་རྫས་གསར་པ་ཁྱབ་བསྒྲགས་བྱས་ནས་ཕྱོགས་མང་པོ་ནས་སྤུས་རྟགས་ཀྱི་གསོན་ཤུགས་མངོན་པར་བྱས་ཤིང་། གར་སྟེགས་ཆེན་པོ་དེ་བརྒྱུད་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།  ལྟ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་གངས་ལྗོངས་ས་མཐོའི་ལག་ཤེས་ཐོན་རྫས་དང་། ཁྱད་ལྡན་བཟའ་བཅའི་ཐོན་རྫས། ས་མཐོའི་སྨན་རྒྱུ་སོགས་ཐོན་རྫས་འགྲེམས་སྟོན་ལ་སྤྲོ་བ་ཆེན་པོས་ལྟ་བར་ཡོང་བ་དང་། ལས་དོན་མི་སྣར་བློ་འདྲི་དང་ཤེས་རྟོགས་ཡང་ཡང་བྱེད་པ་སོགས་འགྲེམས་ཁང་ནང་མི་ཚོགས་སྟུག་པས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།

    རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དབྱིན་ཏེ་ཧྲེང་གིས། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་སློབ་སྦྱོང་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤུས་རྟགས་གཏོད་པའི་ཉམས་མྱོང་དང་བྱེད་སྟངས་དཔྱད་གཞིར་འཛིན་པ། སྤུས་རྟགས་གཏོད་པའི་གཏམ་རྒྱུད་དང་སྤུས་རྟགས་ཁྱབ་གདལ་གཏོང་བའི་ཉམས་མྱོང་སྤེལ་རེས་མཉམ་སྤྱོད་བཅས་བྱས་ཏེ། སྤུས་རྟགས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། སྤུས་རྟགས་གཏོད་པའི་རྣམ་པ་སྐྲུན་པ། སྤུས་རྟགས་སྤེལ་རེས་ཀྱི་སྟེགས་བུ་རྒྱ་ཆེར་གཏོང་བ། སྤུས་རྟགས་འཛུགས་སྐྲུན་གྱི་ཕན་འབྲས་མངོན་པ། སྤུས་རྟགས་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱི་ཁྱད་ལྡན་སྤུས་རྟགས་ཀྱི་ཁྱབ་སྤེལ་ནུས་པ་དང་། ཤུགས་རྐྱེན་ཐེབས་ཤུགས། ཤེས་རྟོགས་ཐུབ་ཚད། མཚན་སྙན་ཁྱབ་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།