དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ལས་ཞིང་འབྲོག་པ་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། 2022ལོར་ལྗོངས་ཡོངས་ཀྱི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་བཙུགས་པ་ནས་བཟུང་། ལྗོངས་ཡོངས་ཀྱི་ད་ཡོད་ཁེ་ལས་1997དང་གྲོང་ཚོའི་མཉམ་སྡེབ་1476གིས་གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན་བྱེད་སྟངས་བཟོས་ནས་རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་23བཏང་བ་དང་གཉེར་སྐྱོང་རིགས་དང་སྤྱི་ཕན་རིགས་ཀྱི་རྣམ་གྲངས་ཁག་360ལག་བསྟར་བྱས་པས་ཞིང་འབྲོག་མང་ཚོགས་ཁྲི་21.5ལ་ཕན་པ་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཏང་ཨུད་ཀྱིས་དམངས་གཉེར་ཁེ་ལས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ནས་དམངས་གཉེར་ཁེ་ལས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ནང་ཞུགས་རྒྱུ་དེ་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད། ལྗོངས་ཡོངས་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གིས་མཐའ་མཚམས་གྲོང་ཚོ་དང་གཙོ་གནད་རོགས་སྐྱོར་ཤང་དང་གྲོང་རྡལ་ཆེད་དོན་བརྟག་ཞིབ་བྱ་ཡུལ་གཙོ་བོར་བྱས་ནས་ལོ་འཁོར་གྱི《ལྗོངས་ཡོངས་ཀྱི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱི་ལས་དོན་གཙོ་གནད》བཟོས་ནས་བཀྲམ་པ་དང་།“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་སྤེལ་གཏོང་བའི”བྱ་སྤྱོད་ཀྱི་འབྲེལ་ཡོད་གྲངས་གཞི་བསྡོམས་རྩིས་གནད་འཁེལ་བྱས་ཏེ་བྱ་སྤྱོད་དེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྨང་གཞི་བཏིང་ཡོད་པ་རེད།

    རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་དང་ལེན་ཧུར་ཐག་བྱས་ཏེ་ཆེད་དོན་ལས་དོན་ལ་བརྟེན་ནས་སྤྱི་ཡོངས་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བར་སྐུལ་ཁྲིད་བྱས་ཡོད། ཐོན་ལས་རོགས་སྐྱོར་འཛུགས་སྐྲུན་ཐད་གྲོང་ཚོ་དང་ཁེ་ལས་འབྲེལ་མཐུད་ཀྱི་ལམ་སྲོལ་བཙུགས་ནས་དམངས་གཉེར་ཁེ་ལས་ཀྱིས་གྲོང་ཚོའི་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་གནས་ཚུལ་ལ་གཞིགས་ཏེ་ཐོན་ལས་ཀྱི་རོགས་སྐྱོར་རྣམ་གྲངས་བཙུགས་པ་དང་ཁྱད་ལྡན་འདེབས་གསོ་དང་། ཞིང་ལས་ཐོན་རྫས་ལས་སྣོན། གྲོང་གསེབ་ཡུལ་སྐོར། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པས་དམངས་གཉེར་ཁེ་ལས་དང་གྲོང་ཚོ་མཉམ་སྡེབ་དབར་མཉམ་ལས་མཉམ་སྐྲུན་དང་གཉིས་ཁེ་གཉིས་ཕན་གྱི་རྣམ་པ་གསར་པ་ཆགས་ཡོད། “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་སྤེལ་གཏོང་བའི”མཐའ་མཚམས་རོགས་སྐྱོར་བྱ་སྤྱོད་ཐད“གཟི་བརྗིད་བྱ་གཞག་བོད་དུ་སྤེལ་བའི”བྱེད་སྒོ་བརྒྱུད། དམངས་གཉེར་ཁེ་ལས(ཚོང་ཚོགས)96གིས་མཐའ་མཚམས་གྲོང་ཚོ་101ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད། ཕ་ཡུལ་ལ་དྲིན་ལན་འཇལ་བའི་ཆེད་དོན་བྱ་སྤྱོད་ཐད་ལྗོངས་ཕྱིར་ཡོད་པའི་བོད་ཀྱི་ཁེ་ལས་མཁས་ཅན་དང་དཔལ་འབྱོར་མཁས་ཅན་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཕ་ཡུལ་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་བྱ་གཞག་ནང་ཞུགས་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།