དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱིས་བྱེད་ཐབས་བཟང་པོ་ཁག་བཅུ་དགུ་བཏོན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་ཅུས་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་རྒྱུན་མཐུད་འཕེལ་བར་བྱ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《2024ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་གྱི་གཙོ་གནད》(གཤམ་དུ《གཙོ་གནད》ཅེས་བསྡུ་རྒྱུ)བཏོན་པ་རེད། 《གཙོ་གནད》ནང་དུ་ཕྱོགས་བདུན་ལ་དམིགས་ཏེ་བྱེད་ཐབས་ཁག་19ལག་བསྟར་བྱ་རྒྱུ་བཏོན་པའི་ནང་། སྟབས་བདེ་ཚད་ལྡན་གྱི་ཁྲོམ་རའི་ཞུགས་འཐུས་ཁོར་ཡུག་སྐྲུན་པ་དང་། དྲང་གཞག་དང་གོ་རིམ་ལྡན་པའི་ཁྲོམ་རའི་འགྲན་རྩོད་ཁོར་ཡུག་སྲུང་སྐྱོང་། ཁྲོམ་རའི་སྒྲིག་སྲོལ་ཚད་ལྡན་དང་ནན་དུ་གཏོང་བ། ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་ཆེར་གཏོང་། དྲང་བདེན་ཤེས་དཔལ་གྱི་ཁྲིམས་སྒྱུར་ཚད་ལྡན་ནན་གཏོང་ལ་སྐུལ་སྤེལ། སྤུས་ཚད་ལྡན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་དང་ཚད་གཞིའི་སྣེ་ཁྲིད་ལ་ཤུགས་སྣོན། སྲིད་དོན་ཞབས་ཞུ་རྒྱུན་མཐུད་ལེགས་སུ་གཏོང་བ་སོགས་ཚུད་ཡོད་པ་རེད།

    —— སྟབས་བདེ་ཚད་ལྡན་གྱི་ཁྲོམ་རའི་ཞུགས་འཐུས་ཁོར་ཡུག་སྐྲུན་རྒྱུ། ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆོག་འཐུས་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་རྒྱུ། སྲིད་འཛིན་ཆོག་འཐུས་ཀྱི་ཞིབ་མཆན་དོན་ཚན་100%རིམ་ཁག་སྲིད་གཞུང་གི་ཞབས་ཞུའི་ཚོམས་ཆེན་དུ་ཁྱབ་ཐུབ་པར་བྱས་ནས་ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་ཚན་དྲ་ཐོག་ནས་སྒྲུབ་ཚད་100%མངོན་འགྱུར་ཐུབ་པ་དང་། སྟབས་བདེ་དང་། ནུས་ཆེ། གོ་རིམ་ལྡན་པ་བཅས་ཀྱི་ཁྲོམ་རའི་ཕྱིར་འཐེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།ཁྲིམས་ལྟར་ཁེ་ལས་ཀྱི་ཐོ་སུབ་འདུ་ཤེས་ཟབ་ཏུ་བཏང་ནས་ཁེ་ལས་ལ་ཁྲིམས་མཐུན་ལུགས་མཐུན་ངང་ཁྲོམ་ར་ནས་ཕྱིར་འཐེན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། དྲ་ཐོག་ལས་གཉེར་ལག་ཁྱེར་བེད་སྤྱོད་ཁྱབ་གདལ་གཏོང་རྒྱུ། དྲ་ཐོག་ལས་གཉེར་ལག་ཁྱེར་ས་ཁོངས་དང་། སྡེ་ཚན། ལས་རིགས་བཅས་བརྒལ་བའི་འབྲེལ་མཐུད་མཉམ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ། ཁྲོམ་རའི་ཞུགས་འཐུས་དང་། ཁྲལ་བསྡུ། སྤྱི་ཚོགས་འགན་བཅོལ། དངུལ་རྩ། འོས་སྐུལ་འོས་དཔོད་སོགས་ཁྱབ་ཁོངས་སུ་དྲ་ཐོག་ལས་གཉེར་ལག་ཁྱེར་སྤྱོད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཐོ་འགོད་རྫུན་མ་སྔོན་འགོག་བྱེད་རྒྱུ། 《ཁེ་ལས་ཀྱི་ཐོ་འགོད་བརྫུས་མའི་ཁྲིམས་འགལ་བྱེད་སྤྱོད་སྔོན་འགོག་དང་ཞིབ་བཤེར་ཐག་གཅོད་བྱེད་པའི་གཏན་འབེབས》དོན་འཁྱོལ་ནན་ཏན་བྱས་ཏེ་ཁེ་ལས་ཀྱི་ཐོ་འགོད་བརྫུས་མ་བྱེད་པའི་དཀའ་གནད་སེལ་རྒྱུ།

    —— དྲང་གཞག་དང་གོ་རིམ་ལྡན་པའི་ཁྲོམ་རའི་འགྲན་རྩོད་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་རྒྱུ། སྡེ་ཚན་ཁག་གིས《འོས་འགུག་འོས་དཔོད་ཁྱབ་ཁོངས་ཀྱི་དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་སྒྲིག་སྲོལ》ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ལྟ་བཤེར་མཛུབ་ཁྲིད་བྱས་ཏེ་འབྱུང་རྩ་ནས་འགྲན་རྩོད་ཟུར་འབུད་དང་ཚོད་འཛིན་གྱི་སྲིད་ཇུས་ཉུང་དུ་གཏོང་རྒྱུ། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ལྟ་འདོམས་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    —— ཁྲོམ་རའི་སྒྲིག་སྲོལ་ཚད་ལྡན་ངང་ནན་དུ་གཏོང་རྒྱུ། ཡིད་རྟོན་ཉེན་ཁའི་རིགས་དབྱེ་དང་རིམ་དབྱེ་དོ་དམ་ལ་སྐུལ་འདེད་གཏོང་རྒྱུ། འབྲེལ་ཐག་ཧྲིལ་པོའི་ཁེ་ལས་ཀྱི་ཡིད་རྟོན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། “ཀུན་འཕྲོད་དང་གཙོ་གནད”ཀྱི་དོན་ཚན་གསལ་ཐོ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། ལོ་མཇུག་གོང་ཆེད་ལས་ཁྱབ་ཁོངས་སུ་སྤྱོད་རྒྱུར་འཚམ་པའི་ཁེ་ལས་ཀྱི་རིམ་དབྱེ་དང་རིགས་དབྱེའི་ལྟ་འདོམས་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁ་དན་ཚིག་གནས་ཀྱི་ལྕག་སྐུལ་དང་། མཆན་འགོད་དོ་དམ། “ལས་རིཌ་གཅིག་དང་ཞིབ་བཤེར་གཅིག”སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་བཟོ་བ། ལས་སྟེགས་དཔལ་འབྱོར་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ།

    —— ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཤེས་བྱའི་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཤེས་བྱའི་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་ནས་ད་ཡོད་ཀྱི་ལས་ཀའི་ལམ་སྲོལ་གྱི་ནུས་པ་རང་འགུལ་ངང་འདོན་པ་དང་། འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཤེས་བྱའི་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། “གནམ་སྔོན”ཆེད་དོན་བྱ་སྤྱོད་དང“ཤེས་བྱའི་བདག་དབང་ཞབས་ཞུ་ལེ་དབར་ཁྲི་ལ་ཁྱབ་པའི་བྱ་སྤྱོད”ཀྱི་བྱེད་སྒོ་མུ་མཐུད་སྤེལ་རྒྱུ། ཤེས་བྱའི་བདག་དབང་གི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    —— དྲང་བདེན་ཤེས་དཔལ་གྱི་ཁྲིམས་སྒྱུར་ཚད་ལྡན་ནན་གཏོང་ལ་སྐུལ་སྤེལ་གཏོང་རྒྱུ། གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་སྒྱུར་ནན་པོ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཟའ་བཅའ་སྨན་རྫས་དང་། ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་སོགས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇཌ་དང་གཟུགས་གཞིའི་བདེ་ཐང་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཚོ་བའི་མཁོ་ཆས་ཀྱི་རིན་གོང་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་འཛིན་ཁྲིམས་སྒྱུར་གྱི་ཁྲིམས་ཚད་གཅོད་དབང་གི་གཞི་འཛིན་ས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    —— སྤུས་ཚད་ལྡན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་དང་ཚད་གཞིའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ། སྤུས་ཚད་ལྡན་པའི་རྨང་གཞིའི་འདེགས་སྐྱོར་ནུས་པ་འདོན་དགོས། སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་ལྡན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་ལྡན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཕན་ནུས་གང་ལེགས་འདོན་རྒྱུ། ཚད་གཞིའི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས།

    —— སྲིད་དོན་ཞབས་ཞུ་རྒྱུན་མཐུད་ལེགས་སུ་གཏོང་རྒྱུ། ཁེ་ལས་གཉེར་བའི་བརྒྱུད་རིམ་ལེགས་སུ་གཏོང་རྒྱུ། བརྒྱུད་རིམ་ཧྲིལ་པོའི་དྲ་ཐོག་ལས་སྒྲུབ་ཀྱི་ལས་ཆོད་ཆེ་རུ་བཏང་ནས་ཐོ་འགོད་དང་། གཞུང་ཐམ་རྐོ་བཟོ། འཛིན་ཤོག་ཞུ་ལེན་དང་དཔྱ་ཁྲལ་ཚོད་འཛིན་སྒྲིག་ཆས། ལས་ཞུགས་དང་དེ་བཞིན་ལས་བཟོ་འགན་བཅོལ་ལ་ཞུགས་པའི་ཐོ་འགོད། སྨན་བཅོས་འགན་བཅོལ་ཐོ་འགོད། སྡོད་ཁང་སྤྱི་གསོག་མ་དངུལ་ཁེ་ལས་ཀྱིས་འཇལ་སྤྲོད་བྱེད་པའི་ཐོ་འགོད་སོགས་ཀྱི་ལས་སྒོ་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལ་འཇུག་པ་དང་། ཁེ་ལས་ལ“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱེད་རྒྱུ། “ལས་ཆོད་ཆེ་བའི་སྒོ་ནས་དོན་དག་གཅིག་སྒྲུབ་པར”སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།