དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཆུ་བེད་ལས་གྲྭ་གངས་ཁྲོ་ཆུ་མཛོད་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-13

    ཚེས་10ཉིན། ཀྲུང་གོ་ཆུ་གློག་ཅུས་དགུ་པས་སྐྲུན་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཆུ་བེད་ལས་གྲྭ་རྒྱལ་རྩེ་རྫོང་གངས་ཁྲོ་ཆུ་མཛོད་ལས་གྲྭའི་རྣམ་གྲངས་ལས་འགོ་འཛུགས་པའི་མཛད་སྒོ་རྒྱལ་རྩེ་རྫོང་དུ་འཚོགས་པ་རེད། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་7.4892བཏང་བ་དང་ཨར་ལས་ཀྱི་སྤྱིའི་ལས་ཡུན་ཟླ་བ་31ཡིན་ཞིང་2026ལོའི་ཟླ་11པར་ལས་མཇུག་འགྲིལ་རྩིས་ཡོད་པ་རེད། ཆུ་མཛོད་བསྐྲུན་རྗེས་རྒྱལ་རྩེ་རྫོང་གི་གངས་ཁྲོ་དང་། ལྕང་ར། རྩེ་ཆེན་བཅས་ཤང་3གྱི་སྲིད་འཛིན་གྲོང་ཚོ་11གི་མི་3200ལྷག་ཙམ་དང་ཕྱུགས་རིགས་མགོ་གྲངས་ཁྲི་2.7ལྷག་ཙམ་གྱི་འཐུང་ཆུ་དང་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་དང་དང་། ཆུ་འདྲེན་ཁྱབ་ཁོངས་སུ་གསར་སྤེལ་བྱས་པའི་རྨོ་ཞིང་མུའུ་ཁྲི་1.8དང་གསར་དུ་བསྐྲུན་པའི་གཅིག་སྡུད་གནས་སྤོས་བཀོད་སྒྲིག་ས་ཚིགས་ཀྱི་མི་1155ཡི་ཞིང་ཆུ་འདྲེན་པར་འགན་ལེན་བྱེད་ཚད་མཐོ་རུ་ནུས་ལྡན་བཏང་ནས་ཆུ་འདྲེན་ཁུལ་གྱི་དགུན་དཔྱིད་གཉིས་ལ་ཐན་པ་བསྟན་དུས་ཆུ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།

    རྒྱལ་རྩེ་རྫོང་གངས་ཁྲོ་ཆུ་མཛོད་ལས་གྲྭ་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གངས་ཁྲོ་ཤང་གི་མངའ་ཁོངས་སུ་གནས་པ་དང་རྒྱལ་རྩེ་རྫོང་དང་བར་ཐག་སྤྱི་ལེ་20ཡོད་པ་རེད། དེ་ནི《བོད་རང་སྐྱོང་ལྗོངས་ཆུ་བེད་སྒྱུར་བཅོས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད》ནང་གི་གཙོ་གནད་ཆུ་ཁུངས་ལས་གྲྭ་ཞིག་རེད་ལ། རང་ལྗོངས་ཀྱིས་མ་དངུལ་མང་ཤོས་བཏང་བའི་2024ལོར་གསར་དུ་བསྣན་པའི་རྒྱལ་བུན་ཆུ་བེད་རྣམ་གྲངས་ཤིག་ཀྱང་རེད། ཆུ་མཛོད་ཀྱི་སྤྱིའི་ཆུ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1094ཟིན་པ་དང་། རགས་ཆེན་ཆེ་ཤོས་ཀྱི་མཐོ་ཚད་ལ་སྨི་38.50དང་རིང་ཚད་ལ་སྨི་1238ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།