ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱས་པའི་གཙང་འགྲམ་ལྗང་མདོག་འཕེལ་རྒྱས་རྣམ་གྲངས།
མཛའ་གྲོགས་ཐང་ཆེན་དེས་ཨེ་ཏི་སི་ཨ་པ་པར་མཛེས་རྒྱན་སྤྲས་པ།
ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱས་པའི་གཙང་འགྲམ་ལྗང་མདོག་འཕེལ་རྒྱས་རྣམ་གྲངས་ནི་ཀྲུང་གོས་རོགས་སྐྲུན་བྱས་པའི་གྲོང་སྲིད་སྐྱེད་ཚལ་རིགས་ཀྱི་རྣམ་གྲངས་ཤིག་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི“བྱ་སྤྱོད་ཆེན་པོ་བརྒྱད”ཀྱི་གྲོས་འགོའི་“ལྗང་མདོག་འཕེལ་རྒྱས”ཀྱི་བྱ་སྤྱོད་འཆར་གཞིའི་ཞིབ་ཕྲའི་བྱ་ཐབས་དོན་འཁྱོལ་བྱས་པ་ཞིག་ཀྱང་ཡིན། ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱས་པའི་གཙང་འགྲམ་ལྗང་མདོག་འཕེལ་རྒྱས་རྣམ་གྲངས་ཀྱི་ཆ་ཤས་ཤིག་ཡིན་པའི་ངོས་ནས་བརྗོད་ན། མཛའ་གྲོགས་ཐང་ཆེན་ནི་ཨ་ཧྥེ་རི་ཁའི་བྱེད་ནུས་མང་ཤོས་དང་། རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐང་ཆེན་གྱི་གྲས་ཤིག་ཡིན། ཟླ་11རིང་སྒྱུར་བཀོད་བྱས་རྗེས། དེ་སྔོན་གྱི་ས་རྒོད་དེ་ད་ཆ་གྲོང་མི་ཚོས་དགའ་པོ་བྱེད་པའི་གྲོང་ཁྱེར་གྱི་མཚོན་རྟགས་གསར་པ་ཞིག་ལ་གྱུར་ཡོད།
འདི་ནི་མཛའ་གྲོགས་ཐང་ཆེན་གྱི་མཛེས་ལྗོངས་ཡིན་པ།
འདི་ནི་སྒྱུར་བཀོད་མ་བྱས་གོང་སྟེ། 2019ལོའི་ཟླ་2ཚེས་27ཉིན་གྱི་མཛའ་གྲོགས་ཐང་ཆེན་གྱི་རྣམ་པ་ཡིན་པ།
པར་འདི་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་ལས་གྲྭ་ཅུས་དང་པོ་ཚོགས་པས་མཁོ་འདོན་བྱས(ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ)
འདི་ནི་2019ལོའི་ཟླ་12ཚེས་6ཉིན་མཛའ་གྲོགས་ཐང་ཆེན་གྱི་ལས་ཡུལ་ཡིན་པ།
པར་འདི་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་ལས་གྲྭ་ཅུས་དང་པོ་ཚོགས་པས་མཁོ་འདོན་བྱས(ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ)
འདི་ནི་2019ལོའི་ཟླ་10ཚེས་27ཉིན་བཟོ་པས་མཛའ་གྲོགས་ཐང་ཆེན་གྱི་ཆུ་ལམ་སྐྲུན་བཞིན་པ།
པར་འདི་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་ལས་གྲྭ་ཅུས་དང་པོ་ཚོགས་པས་མཁོ་འདོན་བྱས(ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ)
འདི་ནི་ས་སྲོས་སྐབས་ཀྱི་མཛའ་གྲོགས་ཐང་ཆེན་གྱི་མཛེས་ལྗོངས་ཡིན་པ།
འདི་ནི་མཛའ་གྲོགས་ཐང་ཆེན་གྱི་འདབ་ཆགས་ཡིན་པ།
འདི་ནི་ཡུལ་སྐོར་བས་མཛའ་གྲོགས་ཐང་ཆེན་གྱི་དྲན་གསོའི་རྡོ་རིང་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་གྲོགས་པོ་ཆུང་ཆུང་ཚོས་མཛའ་གྲོགས་ཐང་ཆེན་དུ་ལྡེམ་ཤིང་རྩེ་བཞིན་པ།
འདི་ནི་ས་སྲོས་སྐབས་ཀྱི་མཛའ་གྲོགས་ཐང་ཆེན་གྱི་འོད་སྣང་ཡིན་པ།
འདི་ནི་ཡུལ་སྐོར་བས་མཛའ་གྲོགས་ཐང་ཆེན་གྱི་བསིལ་གྲིབ་འོག་སྡོད་པ།
པར་ངོས་འདིའི་ནང་གསལ་བཀོད་བྱས་པའི་པར་དེ་དག་ཕུད། དེ་མིན་ཚང་མ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཡཱ་ཧུའེ་ཡི་པར་ཡིན་པ་རེད།