དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པུ་ཏ་ཕེ་སི་ནས་ཞལ་གྱེས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-12

     ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་10ཉིན་གྱི་ས་སྲིབ་མཚམས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་མཇུག་སྒྲིལ་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པུ་ཏ་ཕེ་སི་ནས་ཞལ་གྱེས་པ་དང་རྒྱལ་ནང་དུ་ཕྱིར་ལོག་གནང་བ་རེད།

    ཧང་ག་རིའི་ཙུང་ལི་ཨོར་པན་དང་སྐུ་ཟླ་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་བ་རེད།

    ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་མཁའ་དབྱིངས་སུ་འཕུར་རྗེས། ཧང་ག་རི་ཕྱོགས་ཀྱི་མཁའ་དམག་གི་དམག་འཐབ་གནམ་གྲུ་གཉིས་ཀྱིས་མཁའ་དབྱིངས་སུ་སྲུང་སྐྱེལ་ཞུས་པ་རེད།

    གནམ་ཐང་ལ་ཕེབས་ལམ་དུ། ཧང་ག་རིར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་དེ་བཞིན་ཕྱི་སྦྱོང་སློབ་མ་གཞུང་ལམ་གཡས་གཡོན་གཉིས་སུ་འཛོམས་ཏེ་ཀྲུང་ཧང་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱེད་བཞིན“ཀྲུང་ཧང་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག”སོགས་ཀྱི་སྦྱར་ཚིག་བཏེགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་པོས་ཕེབས་སྐྱེལ་ཞུས་པ་དང་ཆབས་ཅིག་ད་ཐེངས་ཀྱི་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་ཡང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཕྱིར་ལོག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།