དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འདི་ལོ་ཚུན་ཀྲུང་གོ་དང་ཧྥ་རན་སེའི་མི་སྣ་འགྲོ་འོང་བྱེད་ཚད་དུས་མཚུངས་ལས་200%ཙམ་འཕར་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་གསར་འགོད་པར་རྒྱལ་ཁབ་ཡུལ་མི་གནས་སྤོ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཧྥ་རན་སེ་བ་མི་ཐེངས་ཁྲི་10.4ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་ཡོད་པ་དེ་2023ལོའི་དུས་མཚུངས་ལས་294.71%འཕར་ཡོད་པ་དང་། རྒྱལ་ཁོངས་སུ་འཛུལ་དོན་གཙོ་བོ་ནི་ཚོང་དོན་དང་། ཡུལ་སྐོར། གཉེན་ཉེ་དང་གྲོགས་པོ་ཐུག་འཕྲད་བྱེད་པ་བཅས་ཡིན་ཞིང་། ཀྲུང་གོའི་ནང་སའི་ཡུལ་མི་མི་ཐེངས་ཁྲི་13རྒྱལ་མཚམས་སྒྲོལ་ནས་ཧྥ་རན་སེར་བསྐྱོད་པ་དེ་2023ལོའི་དུས་མཚུངས་ལས་215.28%འཕར་ཡོད་པ་དང་། རྒྱལ་མཚམས་སྒྲོལ་དོན་གཙོ་བོ་ནི་ཡུལ་སྐོར་དང་ཚོང་དོན་ཡིན་པ་རེད།

    རྒྱལ་ཁབ་ཡུལ་མི་གནས་སྤོ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོའི་ཟླ་12ཚེས་1ཉིན་ཀྲུང་གོས་ཧྥ་རན་སེར་ཕྱོགས་རྐྱང་པའི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་ཟླ་4ཚེས་30ཉིན་བར་ཧྥ་རན་སེའི་ལམ་ཡིག་དཀྱུས་མ་ཁྱེར་ནས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་མཁན་མི་ཐེངས་ཁྲི་7.4ཟིན་པ་དེས་ཧྥ་རན་སེ་བ་ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་བའི་བསྡོམས་འབོར་གྱི་59.63%བཟུང་ཡོད། ཧྥ་རན་སེ་བ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་དོན་གཙོ་བོ་ནི་ཚོང་དོན་དང་ཡུལ་སྐོར་ཡིན་པ་དེས་ཧྥ་རན་སེ་བ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་བའི་བསྡོམས་འབོར་གྱི་79.6%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།