དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-11

    ད་ཕན་ལོ་ཤས་རིང་། ཚྭ་འདམ་གཤོང་སར་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་འོད་འཕྲོའི་ཐོན་ཁུངས་དང་རྒྱ་ཆེ་བའི་ས་ཆའི་ཐོན་ཁུངས་ལ་བརྟེན་ནས། ནུས་རྒྱུ་གསར་པའི་ཐོན་ལས་བཀོད་པ་བཟོ་བ་དང་། འོད་ཤུགས་ཆེ་གྲས་དང་འོད་དྲོད་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ནུས་རྒྱུ་གཙང་མའི་ཐོན་ལས་ཚོགས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་བཅས་བྱས་ནས། ཚྭ་འདམ་གཤོང་སའི་དཔལ་འབྱོར་འཕེལ་རྒྱས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྔར་བས་སྐུལ་འདེད་བཏང་ཡོད། འདི་ནི་ཉེ་དུས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་གྱི་འོད་ཤུགས(འོད་དྲོད)ཐོན་ལས་གླིང་ནས་པར་བླངས་པའི་འོད་གློག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།