དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-10

    ཉེ་ཆར། རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་གཉེར་བ་དང་། རང་ལྗོངས་ཀྱིས་བདམས་ཐོན་པ་22དང་གྲོང་གསེབ་ཀྱི་ལག་ཤེས་བཟོ་བོ་4མངགས་ནས་རྣམ་གྲངས་ཡོངས་ཀྱི་འགྲན་བསྡུར་དང་གྲོང་གསེབ་ཀྱི་ལག་ཤེས་བཟོ་བོའི་འགྲེམས་སྟོན་སྤེལ་རེས་ལ་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རྩལ་ནུས་འགྲན་བསྡུར་ཆེ་མོ་དེ་ཟླ་5ཚེས་8ནས་10ཉིན་བར་ཀུའེ་དབྱང་དུ་གཉེར་བ་དང་། འགྲན་བསྡུར་ཆེ་མོས“སྟབས་བདེ་དང་། ལྗང་མདོག བདེ་འཇགས། ཁྱད་ལྡན”བཅས་དམིགས་ཚད་དུ་བྱེད་པ་དང་། “རྩལ་ནུས་ཉམས་འགྱུར་ངོམས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ཏེ་གྲོང་གསེབ་ཀྱི་དངོས་སྤྱོད་རྩལ་ནུས་ལ་དམིགས་ནས་རྩིག་པ་སློང་བ་དང་། རླངས་འཁོར་དང་ཞིང་འཕྲུལ་ཉམས་བཟོ། གློག་ལས། སྐྲ་བཞར་བ། རྒན་གསོ་ལྟ་སྐྱོང་། ཕྲུ་གུ་དམར་འབྱར་གསོ་སྟངས། ཀྲུང་ལུགས་གྲོ་ཟན། ཟ་ཁང་གི་ཞབས་ཞུ། དྲ་ཐོག་ཚོང་དོན། ཇའི་སྒྱུ་རྩལ་བཅས་ཀྱི་འགྲན་བསྡུར་རྣམ་གྲངས་11བཀོད་སྒྲིག་བྱས་ཡོད་པ་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་བཙུགས་པའི་འགྲན་བསྡུར་ལ་ཞུགས་མཁན་འཐུས་མི་ཚོགས་པ་བཅས་བསྡོམས་པས་བདམས་ཐོན་པ་701འགྲན་བསྡུར་ལ་ཞུགས་པ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་དང་བསྡུར་ན་འགྲན་བསྡུར་ལ་ཞུགས་མཁན་བསྡོམས་འབོར་10%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།