དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆུ་གསུམ་རྫོང་གིས་ཞིང་འབྲོག་པ་སྒྲིག་འཛུགས་ཀྱིས་ཧོང་ཧྲི་གྲོང་ཁྱེར་དུ་ལས་ཞུགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-09

    ཉེ་ཆར། ཆུ་གསུམ་རྫོང་གིས་ལྗོངས་ཕྱིར་ལས་ཞུགས་སུ་སྐྱོད་པའི་མཛད་སྒོ་འཚོགས་ཏེ། ཐེམ་ཁུངས་ཆུ་གསུམ་ནས་ཡིན་པའི་ཞིང་འབྲོག་པ་17ཚོགས་སྒྲིག་རྣམ་པའི་ཐོག་ནས་ཧོང་ཧྲི་གྲོང་ཁྱེར་དུ་ལས་ཞུགས་སུ་སྐྱོད་པར་དགའ་སྐྱེལ་ཞུས་པ་རེད།

    ད་ལོ་ནས་བཟུང་ཆུ་གསུམ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལས་ཞུགས་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས། ཞིང་འབྲོག་པའི་ལྗོངས་ཕྱིའི་ལས་ཞུགས་ལས་དོན་ལ་ཕྱོཌ་ཡོངས་ནས་སྐུལ་འདེད་བཏང་བ་དང་འབྲེལ། ཆེད་དོན་ལས་ཀའི་སྐུལ་སྤེལ་ཚོགས་ཆུང་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་བ་དང་། སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་དང་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཤིང་། གཟའ་འཁོར་རེར་བཀོད་གཏོང་རེའི་བླང་བྱ་ལྟར་བཀོད་གཏོང་ཚོགས་འདུ་འཚོགས་ནས། ལྗོངས་ཕྱིའི་ལས་ཞུགས་ལས་དོན་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་ཏེ་ལས་ཀའི་མྱུར་ཚད་དང་སྤུས་ཚད་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།